མོ་ལྡི་མཆོག་གིས་སྲིད་བློན་གསར་པའི་ཐུགས་འགན་བཞེས་ཡོད་པ།


2014.05.26
མོ་ལྡི་མཆོག་གིས་སྲིད་བློན་གསར་པའི་ཐུགས་འགན་བཞེས་ཡོད་པ། ཉེ་དུས་འོས་འདེམས་བྱུང་བའི་སྐུ་ཞབས་ ན་རེན་ད་ར་ མོ་ལྡི་མཆོག་གིས་དེ་རིང་སྲིད་བློན་གྱི་ཐུགས་འགན་བཞེས་ཡོད་པ།
ཨེ་ཨེཕ་པི།

༄༅༎ཉེ་དུས་གསར་དུ་འདེམས་ཐོན་བྱུང་བའི་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ ན་རེན་ད་ར་ མོ་ལྡི་ མཆོག་གིས་ལས་གནས་ཉུང་དུ་བཏང་ནས་གཞུང་འཛིན་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག་མའི་ཁས་ལེན་གནང་བ་གཞིར་བཟུང། ཁོང་གིས་བློན་ཆེན་གྱི་གྲངས་འབོར་ཉུང་དུ་བཏང་ནས་བློན་ཆེན་ལྷན་ཁང་ལ་བསྐྱར་བཅོས་གནང་རྒྱུའི་འཆར་གཞི་འདུག།
ན་རེན་ད་ར་ མོ་ལྡི་མཆོག་གི་དབུ་ཁྲིད་པའི་གཞུང་གིས་སྲིད་བློན་ཟུར་པ་མན་མོ་ཧན་སིངྒ་གི་སྐབས་ཁྱོན་བློན་ཆེན་བགྲེས་གཞོན་གྲངས་༧༡ཡོད་པ་ནས་༢༦ཉུང་དུ་བཏང་གནང་ནས། ཁོང་ཐེ་པའི་བློན་ཆེན་༤༥བར་ཚོད་འཛིན་གནང་འདུག།
དགུང་ལོ་༦༣ལ་ཕེབས་པའི་སྐུ་ཞབས་ ན་རེན་ད་ར་ མོ་ལྡི་ ཡི་སྲིད་དོན་ཚོགས་པ་སྦི་ཇེ་པི་ལ་ཉེ་དུས་ལོ་༣༠ནང་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུའི་སྐབས་
ཚད་མཐོའི་རྒྱལ་ཁ་ཐོབ་གནང་ཡོད་པ་དང། དེ་རིང་ཁོང་གིས་རྒྱ་གར་གྱི་སྲིད་བློནགསར་པའི་ཐུགས་འགན་བཞེས་གནང་ཡོད་པ་རེད།
གོང་གི་གསར་འགྱུར་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས༎

 

གསར་འགོད་པ་རིག་ལྡན་སྒྲོལ་མ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎