རྒྱ་ནག་ལ་དམིགས་པའི་གསུང་བཤད།


2014.02.22
རྒྱ་ནག་ལ་དམིགས་པའི་གསུང་བཤད། རྒྱ་གར་གྱི་ཕྱོགས་འགལ་སྦི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྱི་སྲིད་བློན་འོས་མིར་ངེས་པ་སྐུ་ཞབས་ ན་རེན་རྡྷརཱ་མོ་དྷཱི།
ཨེ་ཨེཕ་པི།

༄༅༎རྒྱ་གར་གྱི་ཕྱོགས་འགལ་སྦི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྱི་སྲིད་བློན་འོས་མིར་ངེས་པ་སྐུ་ཞབས་ ན་རེན་རྡྷརཱ་མོ་དྷཱིས་གཟའ་སྤེན་པའི་ཉིན། རྒྱ་གར་བྱང་ཤར་ཁུལ་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་གསུང་བཤད་ཅིག་གནང་སྐབས། རྒྱ་ནག་ལ་རྒྱ་བསྐྱེད་རིང་ལུགས་ཀྱི་བསམ་ཚུལ་དོར་ཏེ་རྒྱ་གར་དང་ཞི་བདེ་མཉམ་གནས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་དགོས་པ་གསུངས་འདུག།
སྐུ་ཞབས་མོ་དྷིའི་གསུང་བཤད་དེ་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་གཞི་ཡོད་པ་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཞིག་གི་ནང་གནང་ཞིང་། ཁོང་གིས་འཛམ་གླིང་འགྱུར་བ་འགྲོ་གི་ཡོད་ཅིང་། རྒྱ་བསྐྱེད་རིང་ལུགས་ཀྱི་བསམ་བློ་དེར་ངོས་ལེན་བྱ་རྒྱུ་མིན་སྟབས་རྒྱ་ནག་གི་ངོས་ནས་དེ་ལྟ་བུའི་བསམ་བློ་དེ་དོར་དགོས་ཀྱི་རེད་ཅེས་གསུངས་པ་མ་ཟད། སྐུ་ཞབས་མོ་དྷིས་ཨ་རུ་ན་ཅལ་མངའ་སྡེ་ནི་ཁ་བྲལ་ཐབས་མེད་པའི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་ལ་དེ་ལྟར་གནས་རྒྱུ་ལས། སྟོབས་ཤུགས་ཇི་འདྲ་ཞིག་གི་ཀྱང་དེ་འཕྲོག་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག།
རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་དང་སྲིད་བློན་གྱི་འོས་བསྡུ་འདི་ལོ་ཕྱི་ཟླ་བཞི་པའི་ནང་གཉེར་སྲིད་པ་ཡིན་པ་དང་། སྐུ་ཞབས་མོ་དྷི་ཐེངས་རྗེས་མའི་རྒྱ་གར་གྱི་སྲིད་བློན་དུ་འོས་འདེམས་འབྱུང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཁོང་གིས་རྒྱ་ནག་ལ་དམིགས་ཏེ་གཏམ་བཤད་ཚ་ནན་གནང་བ་དེས་ཨེ་ཤི་ཡའི་མངའ་ཁུལ་གྱི་ནང་རྒྱ་ནག་གི་སྟོབས་ཤུགས་རྒྱ་བསྐྱེད་དང་ངོམས་སྟོན་བྱེད་བཞིན་པར་སེམས་ཚབས་བྱ་མཁན་གྱི་རྒྱལ་ཁབ་ཚོར་སེམས་ཤུགས་སྐྱེད་གཞི་ཞིག་ཆགས་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎