རྒྱལ་བ་ཀརྨ་པར་སྐྱོན་འཛུགས་ཞུས་པ་ཕྱིར་བསྡུ།

རྒྱ་གར་གྱི་དཔོན་རིགས་མཐོ་གྲས་ཤིག་གིས་དེ་སྔོན་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ནག་ཉེས་སྙོན་འཛུགས་ཞུས་པ་ཡོངས་རྫོགས་ཕྱིར་བསྡུ།

2012.04.24

༄༅།།རྒྱ་གར་གྱི་དཔོན་རིགས་མཐོ་གྲས་ཤིག་གིས་དེ་སྔོན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ནག་ཉེས་སྙོན་འཛུགས་ཞུས་པ་ཡོངས་རྫོགས་ཕྱིར་བསྡུ་ཞུས་པ་ཡིན་སྐོར་ད་རིང་གསུངས་ཡོད་པའི་གནས་ཚུལ་འདུག དཔལ་རྒྱལ་དབང་ཀརྨ་པའི་བཞུཌ་གནས་དགོན་པ་ནས་རྒྱ་མིའི་དངུལ་ལོར་སོགས་ཕྱི་རྒྱལ་གྱི་དངུལ་ལོར་ས་ཡ་གཅིག་ལྷག་ཐོན་པའི་རྗེས་སུ་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཧི་མ་ཅལ་གྱི་ཉེན་རྟོག་མི་སྣས་སྔ་ལོའི་ཕྱི་ཟླ་༡༢་པའི་ནང་དངུལ་ནག་པོ་མང་པོ་གསོག་འཇོག་བྱས་ཚུལ་ཁྲིམས་འགལ་ཡིན་ཚུལ་ནག་ཉེས་སྙོན་འཛུགས་ཞུས་པར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་དེའི་སྐོར་གནས་ཚུལ་འདྲ་མིན་བཀོད་སྤེལ་བྱས་ཡོད་པ་རེད་ ཁ་ས་ཕྱི་ཟླ་༤་ཚེས་༢༣་ཉིན་མངའ་སྡེ་ཧི་མ་ཅལ་གྱི་ནང་སྲིད་ལས་ཁང་གི་དཔོན་རིགས་ཨེསི་པི་སིང་ཡིས་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་ཁྲིམས་འགལ་ནག་ཉེས་ཀྱི་སྐྱོན་འཛུགས་ཞུས་པ་ཡོངས་རྫོགས་ཕྱིར་བསྡུ་བྱེད་ཀྱི་ཡོད་སྐོར་དང་ཀརྨ་པ་རིན་པོ་ཆེ་མཆོག་ལ་ནག་ཉེས་སྐྱོན་འཛུགས་ཞུས་པའི་གནད་དོན་ཚང་མའི་སྐོར་མངའ་སྡེའི་གཞུང་གི་ཁྲིམས་རྩོད་པ་དང་ཉེན་རྟོགས་མི་སྣ་ཚོས་དཔྱད་ཞིབ་མཐིལ་ཕྱིན་པ་བྱས་པའི་རྗེས་སུ་ ཁོང་གིས་ཁྲིམས་འགལ་གནང་བའི་ར་སྤྲོད་དཔང་རྟགས་གང་ཡང་ཐོན་མ་སོང་ཞེས་ཞལ་པར་བརྒྱུད་ནས་ཕེ་རན་སིའི་གསར་ལས་ཁང་ལ་གསུངས་འདུག དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དགུང་གྲངས་༡༤་ཕེབས་སྐབས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་འབྱོར་བྱུང་བ་ནས་བཟུང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་དཔལ་རྒྱུད་སྟོད་གྲ་ཚང་ནང་གནས་བཞུགས་གནང་བཞིན་ཡོད་པ་རེད་ ད་རེས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ཁྲིམས་འགལ་ནག་ཉེས་སྐྱོན་འཛུགས་ཡོངས་རྫོགས་ཕྱིར་བསྡུ་བྱས་པའི་ཐག་གཅོད་དེར་ཁོང་གི་ཞབས་ཞུ་བ་རྣམས་ཀྱིས་དགའ་བསུ་ཞུས་ཡོད་ཅིང་ དགོན་པའི་མགྲིན་ཚབ་པ་དགོན་པོ་ཚེ་རིང་ལགས་ཀྱིས་ང་ཚོར་ཁྲིམས་ཀྱི་དབང་བསྒྱུར་ལ་ཡིད་ཆེས་ཚ་ཆང་ཡོད་སྟབས་རྒྱ་གར་གཞུང་གིས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཁྲིམས་འགལ་ནག་ཉེས་ཅན་པའི་ལས་དོན་གང་གི་ནང་ལ་ཡང་ཐེ་གཏོགས་མེད་སྐོར་ཐག་གཅོད་གནང་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཅེས་གསུངས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎