ས་མཚམས་ཀྱི་རྩོད་རྙོག་སེལ་རྒྱུའི་ཁས་ལེན།


2013.05.20
རྒྱ་དཀར་ནག་གི་སྲིད་བློན་ནས་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་གནང་རྒྱུའི་ཁས་ལེན་གནང་བ།
ཨེ་ཨེཕ་པི།

༄༅༎དེ་རིང་རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་རྣམ་གཉིས་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཆེ་ཤོས་གཉིས་དབར་འབྲེལ་ལམ་བཟང་དུ་འགྲོ་རྒྱུ་དེ་འཛམ་གླིང་ཞི་བདེར་དགོས་གལ་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་གནང་སྟེ། ད་ཕན་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་གཞིའི་ས་མཚམས་ཀྱི་རྩོད་རྙོག་དེ་སེལ་ཐབས་གནང་རྒྱུའི་ཁས་ལེན་གནང་འདུག
རྒྱ་གར་དུ་འཚམས་གཟིགས་ལ་འབྱོར་བའི་རྒྱ་ནག་གི་སྲིད་བློན་Li Keqiang གིས་རྒྱ་ནག་གི་བློན་ཆེན་ཚོགས་པས་རྒྱ་གར་དང་མཉམ་འབྲེལ་བྱ་རྒྱུའི་མཐུན་གྲོས་ཐོག་མིང་རྟགས་བཀོད་པ་དང་ཆབས་ཅིག་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་གར་མཉམ་ཕན་ཚུན་ཡིད་ཆེས་གོང་མཐོར་གཏོང་རྒྱུའི་འདུན་པ་ཡོད་སྐོར་གསུངས་བཞག
མགྲོན་བདག་རྒྱ་གར་གྱི་སྲིད་བློན་ མན་མོ་ཧན་ སིངྒ་མཆོག་ནས་ཀྱང་རྒྱ་དཀར་ནག་གཉིས་དབར་ཕན་ཚུན་འབྲེལ་ལམ་བཟང་དུ་འགྲོ་རྒྱུ་དེ་རྒྱ་ཆེ་ས་ནས་མངའ་ཁུལ་སྤྱི་ཡོངས་ཀྱི་ཡར་རྒྱས་ལ་དགོས་གལ་ཆེན་པོ་ཡིན་སྐོར་ནན་བརྗོད་གནང་འདུག
ད་རེས་རྒྱ་ནག་གི་སྲིད་བློན་རྒྱ་གར་ནང་འཚམས་གཟིགས་ལ་མ་འབྱོར་གོང།ཟླ་བ་སྔོན་མ་རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་རྩོད་གཞིའི་གནད་དོན་ཞིག་བྱུང་ཡོད་པ་རེད།འོན་ཀྱང་ད་ལྟའི་ཆར་རྒྱལ་ཁབ་གཉིས་དབར་གྱི་ས་མཚམས་རྩོད་རྙོག་དེ་དག་སེལ་རྒྱུའི་འདོད་པ་ཕྱོགས་གཉིས་ཀར་གཅིག་མཚུངས་ཡོད་པར་བརྟེན།མ་འོངས་ཕུགས་འཕེར་ལྡན་པའི་མཐུན་གྲོས་འཇོག་ཐུབ་རྒྱུར་ཟུང་འབྲེལ་ཚོགས་ཆུང་ཞིག་གསར་འཛུགས་གནང་རྒྱུ་ཡིན་སྐོར་རྒྱ་གར་གྱི་སྲིད་བློན་སིངྒ་མཆོག་གིས་གསུང་བཞག
རྒྱ་ནག་གི་སྲིད་བློན་རྒྱ་གར་ནང་འཚམས་གཟིགས་བྱ་ཡུན་རིང་བོད་པའི་ངོས་ནས་ངོ་རྒོལ་སྐད་འབོད་མི་ཡོང་བའི་དོན་དུ་རྒྱལ་ས་ལྡི་ལིའི་ནང་གི་གཞུང་ལམ་ཆེ་ཁག་དུ་ཉེན་རྟོག་པས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། Taj Palace མགྲོན་ཁང་གི་ཉེ་འཁྲིས་ནས་བོད་མི་ངོ་རྒོལ་བྱེད་མཁན་བཞི་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎