རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཐོག་གྲོས་མོལ་ཕྱིར་འཐེན།

༸གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་སར་ལྷན་ཚོགས་ཤིག་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་དེར་རྒྱ་ནག་གཞུང་གིས་ངོ་རྒོལ།

2011.11.27

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལྷན་ཚོགས་ཤིག་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་དེར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ཏེ་རྒྱ་གར་དང་རྒྱ་ནག་དབར་དུ་ས་མཚམས་ཀྱི་གནད་དོན་ཐོག་གྲོས་མོལ་བྱ་རྒྱུ་དེ་ཕྱིར་འཐེན་བྱས་པའི་སྐོར་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་མའི་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མཐོ་རིམ་དཔོན་རིགས་མཚན་གསུང་འདོད་མེད་པ་ཞིག་གིས་ཕེ་རན་སི་གསར་འགོད་པར། རྒྱ་གར་དང་རྒྱ་ནག་བར་དུ་དུས་ཡུན་རིང་པོ་ནས་རྩོད་གཞིར་གནས་པའི་ས་མཚམས་ཀྱི་གནད་དོན་ཐོག་གྲོས་མོལ་གནང་རྒྱུའི་དུས་ཚོད་ཕྱི་ཟླ་༡༡ པའི་ཚེས་༢༨ རེས་གཟའ་ཟླ་བའི་ཉིན་དུས་ཚོད་གཏན་འཁེལ་ཡིན་ཡང་ཕྱིར་འཐེན་བྱས་པ་དང༌། དེའི་རྒྱུ་མཚན་ནི། རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚོགས་རྒྱུའི་ནང་པའི་ལྷན་ཚོགས་ཤིག་གི་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་དེ་ཕྱིར་བསྡུ་བྱ་དགོས་ཅེས་རྒྱ་གར་གཞུང་ལ་དགོས་འདུན་བཏོན་གྱི་ཡོད་ཀྱང་རྒྱ་གར་གཞུང་གིས་རྒྱ་ནག་གི་རེ་འདུན་ཁས་ལེན་བྱེད་ཀྱི་མེད་པ་རེད་ཅེས་གསུངས་ཡོད་པ་རེད། ད་དུང་གསར་ཤོག་དེའི་ཐོག་ལ། འདི་ལོའི་ཕྱི་ཟླ་གསུམ་པ་ནས་འགོ་བཙུགས་ཏེ་བོད་ནང་དུ་བོད་མི་སྐྱ་སེར་དགུ་དང༌། བཙུན་མ་གཉིས་ཀྱིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཀྱི་སྲིད་ཇུས་ལ་ངོ་རྒོལ་གྱི་དོན་རྐྱེན་བྱུང་བ་ནས་བཟུང་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་པ་དང༌། དེ་རིང་རེས་གཟའ་ཉི་མའི་ཉིན་སྐུ་སྒེར་ཡིག་ཚང་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རེས་གཟའ་ལྷག་པའི་ཉིན་ནང་པའི་ལྷན་ཚོགས་ཐོག་གསུང་བཤད་གནང་རྒྱུ་ཐུགས་གཏན་འཁེལ་བའི་སྐོར་གསུངས་ཡོད་པའི་སྐོར་དང༌། རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་ཀྱི་གནད་དོན་ཐོག་ཕྱི་ལོ་༡༩༦༢ ནས་བཟུང་གྲོས་མོལ་ཐེངས་༡༤ བྱས་ཡོད་ཀྱང་དོན་འབྲས་སོན་པ་གང་ཡང་བྱུང་མེད་པའི་སྐོར་སོགས་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎