རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་འབྲུག་གི་རྒྱལ་ས་ཐིམ་བུར་འབྱོར་འདུག


2017.10.03
འབྲུག་གི་རྒྱལ་ས་ཐིམ་ཕུ། ༢༠༠༩།༧ འབྲུག་གི་རྒྱལ་ས་ཐིམ་ཕུ། ༢༠༠༩།༧
@Lhuboom

རྒྱ་ནག་གིས་སླར་ཡང་འབྲོག་ལམ་ལ་དམག་དཔུང་སྣོན་མ་གཏོང་བཞིན་པའི་སྐབས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་འབྲུག་གི་རྒྱལ་ས་ཐིམ་བུར་ཆེད་ཕེབས་གནང་འདུག
ཉེ་ལམ་རྒྱ་དཀར་ནག་གཉིས་དབར་ཛ་དྲག་གི་རྩོད་རྙོག་ཐུག་སའི་འབྲོག་ལམ་ཞེས་པའི་ས་ཁུལ་དུ། རྒྱ་ནག་གཞུང་གིས་སླར་ཡང་དམག་དཔུང་སྣོན་མ་འགྲེམ་གཏོང་བྱེད་པའི་གནས་ཚུལ་ཐོན་བཞིན་པའི་དུས་འདིར། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་(S. Jaishankar)་འབྲུག་གི་རྒྱལ་ས་ཐིམ་བུའི་ནང་གནད་དོན་དེའི་སྐོར་བཀའ་བསྡུར་གནང་ཆེད་ཕེབས་འབྱོར་ཟིན་ཡོད་འདུག
དེ་ཡང་རྒྱ་གར་གྱི་ཉིན་རེའི་གསར་ཤོག (The Deccan Herald)་ཅེས་པའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ (S. Jaishankar) དང་། ཟུང་འབྲེལ་དྲུང་ཆེ་ (Sudhakar)་ རྣམ་གཉིས་ཕྱི་ཚེས་ ༢ ་ཉིན་འབྲུག་གི་རྒྱལ་ས་ཐིམ་བུར་ཕེབས་འབྱོར་ཟིན་ཡོད་པ་དང༌། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་ཁོང་གཉིས་འབྲུག་ནང་ཕེབས་དགོས་དོན་ཇི་ཡིན་གནས་ཚུལ་ཕྱི་བསྒྲགས་གནང་མེད་ཀྱང༌། ཉེ་ལམ་རྒྱ་དཀར་ནག་གཉིས་དབར་འབྲོག་ལམ་ཞེས་པའི་ས་མཚམས་ས་གནས་ཀྱི་བདག་དབང་ཐད་ཉིན་ཞག་ ༧༢ ་རིང་ཛ་དྲག་གི་འཁྲུག་རྩོད་ཐུག་པའི་རྗེས་འདི་ལོའི་ཕྱི་ཟླ་ ༨ ་པའི་ཚེས་ ༢༨ ་ཉིན་ཕན་ཚུན་གྲོས་མོལ་གྱི་ཐོག་ནས་ཕྱོགས་གཉིས་ཀས་ས་གནས་དེ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་ཀྱང༌། འབྲོག་ལམ་གྱི་རྙོག་གླེང་ཞི་འཇགས་བྱུང་བའི་རྗེས་སླར་ཡང་རྒྱ་ནག་གཞུང་གིས་བོད་དང་འབྲུག་གཉིས་དབར་ས་མཚམས་འཁེལ་སའི་ས་ཁུལ་གསུམ་དུ་བཅིངས་བཀྲོལ་དམག་མི་སྣོན་མ་འགྲེམས་འཇོག་བྱེད་བཞིན་ཡོད་པའི་གནས་ཚུལ་ཤེས་ཚོར་བྱུང་ཡོད་པར་བརྟེན། དེའི་སྐོར་བཀའ་བསྡུར་གནང་ཆེད་ད་ལམ་རྒྱ་གར་གྱི་གོང་ཞུས་ཕྱི་སྲིད་དཔོན་རིགས་རྣམ་གཉིས་འབྲུག་ནང་ཕེབས་པ་ཞིག་ཡིན་པ་དང༌། ཁོང་གཉིས་ཀྱིས་འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་དང༌། ཕྱི་སྲིད་བློན་ཆེན་དམ་ཆོས་རྡོ་རྗེ་རྣམ་གཉིས་མཇལ་འཕྲད་ཀྱིས་གནད་དོན་འདིའི་སྐོར་བཀའ་བསྡུར་གནང་གི་ཡོད་པ་ཉམས་ཞིབ་པ་ཚོས་དགོངས་ཚུལ་གསུངས་ཀྱི་ཡོད་པའི་གནས་ཚུལ་བཀོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎