བ་ཕྱུགས་སྲུང་སྐྱོབ་ཐུབ་རྒྱུའི་དགའ་ཚོར་བྱེད་ཀྱི་ཡོད་འདུག


2017.03.27
UPམངའ་སྡེའི་བློན་ཆེན་གསར་བ་ཆོས་དཔོན་(Adityanath) UPམངའ་སྡེའི་བློན་ཆེན་གསར་བ་ཆོས་དཔོན་(Adityanath)
པར་བཤུས།/YT

ཧིན་རྡུའི་ཆོས་དཔོན་མངའ་སྡེའི་བློན་ཆེན་ལ་བསྐོས་བས་ཧིན་རྡུའི་ཆོས་བྱེད་པ་མང་པོས་བ་ཕྱུགས་སྲུང་སྐྱོབ་ཐུབ་རྒྱུའི་དགའ་ཚོར་བྱེད་ཀྱི་ཡོད་འདུག
དེ་ཡང་Afp གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་སྲིད་བློན་Narendra Modi་མཆོག་གིས་ད་རེས་Uttar Pradesh སྟེ་UP གི་མངའ་སྡེའི་ནང་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པའི་རྗེས། མངའ་སྡེའི་འཛིན་སྐྱོང་གི་འགན་འཁུར་ཧིན་རྡུའི་ཆོས་དཔོན་Adityanath ལ་གནང་བ་དེས། ཧིན་རྡུའི་ཆོས་བྱེད་མང་ཚོགས་མང་པོ་ཞིག་ལ་བ་ཕྱུགས་ལ་སྲུང་སྐྱོབ་ཐུབ་རྒྱུ་ཡིན་པའི་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད་འདུག
ཧིན་རྡུའི་ཆོས་བྱེད་པ་ཚོས་བ་ཕྱུགས་ལྷར་ངོས་འཛིན་གྱིས་རྩ་ཆེར་འཛིན་གྱི་ཡོད་པ་དང་། རྒྱུ་མཚན་དེར་བརྟེན་བ་ཕྱུགས་བསད་དེ་གླང་ཤ་བཟའ་མཁན་དང་། བཙོང་མཁན་ལ་ལྟ་ཕྱོགས་ངན་པ་འཛིན་གྱི་ཡོད་པ་རེད།
སྔར་ལོ་གླང་ཤ་ཟས་པའི་ཉེས་བཙུགས་འོག་ཧིན་རྡུའི་མང་ཚོགས་ཀྱིས་རྡུང་རྡེག་འོག་ཚེ་སྲོག་ཤོར་བའི་ཁ་ཆེའི་ཆོས་བྱེད་པ་Mohamad Akhlag གི་གྲོང་གསེབ་དེའི་ནང་ ཧིན་རྡུའི་ཆོས་དཔོན་Adityanath མངའ་སྡེའི་བློན་ཆེན་ལ་བསྐོ་གཞག་བྱུང་བའི་གནས་ཚུལ་ཐོན་སྐབས། ཧིན་རྡུ་བ་ཚོས་དགའ་ཚོར་གྱིས་རྟེན་འབྲེལ་བྱས་ཡོད་པ་དང་། ཁ་ཆེ་མང་ཚོགས་བློ་གཡེང་བྱེད་དགོས་པ་ཞིག་ཆགས་ཡོད་འདུག
གནས་ཚུལ་ནང་། གྲོང་གསེབ་དེའི་ནང་ཧིན་རྡུའི་མང་ཚོགས་ཀྱིས་གལ་ཏེ་ཁོང་ཚོར་བ་ཕྱུགས་ལ་སྲུང་སྐྱོབ་དང་། འཛུགས་བསྐྲུན་ཡར་རྒྱས་གཉིས་འདམ་ཁ་བྱ་དགོས་པ་ཡིན་ན་བ་ཕྱུགས་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེ་བར་འཛིན་རྒྱུ་ཡིན་པའི་བསམ་ཚུལ་ཤུགས་ཆེ་བ་བརྗོད་ཀྱི་ཡོད་འདུག
མངའ་སྡེའི་བློན་ཆེན་གསར་བ་ཆོས་དཔོན་Adityanath གིས་མངའ་སྡེའི་ནང་མང་ཚོགས་གང་ཡོད་ལ་ཕན་པའི་འཛུགས་བསྐྲུན་ཡར་རྒྱས་གཏོང་རྒྱུ་ཡིན་པ་གསུངས་ཀྱི་ཡོད་པ་རེད། ཡིན་ནའི་ཁོང་གི་ལས་འཆར་དང་པོ་མངའ་སྡེའི་ནང་ཁྲིམས་མཐུན་མིན་པའི་ཤ་ཁང་ཁག་སྒོ་རྒྱབ་ཡོད་པ་དང་། ཤ་ཁང་འཛིན་མཁན་མང་ཆེ་བ་ཁ་ཆེ་བ་ཡིན་པས་མངའ་སྡེའི་ནང་མི་འབོར་ས་ཡ་༤༠ཙམ་ཁ་ཆེ་ཡིན་པའི་མང་ཚོགས་ཁྲོད་ཤ་ཁང་འཛིན་མཁན་མང་པོ་ཞིག་ལས་མེད་འགྱུར་བཞིན་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎