རྒྱ་དཀར་ནག་བར་གནམ་གཤིས་འགྱུར་བའི་ལས་དོན་མཉམ་འབྲེལ།

རྒྱ་དཀར་ནག་གཉིས་བར་གནམ་གཤིས་འགྱུར་བའི་ལས་དོན་ཐད་མཉམ་འབྲེལ་བྱ་རྒྱུའི་ལོ་ལྔའི་མཐུན་གྲོས་ཐོག་མིང་རྟགས་བཀོད་འདུག

2009.10.21

༄༅༎རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ཚེས་བདུན་ནས་བཅོ་བརྒྱད་བར་ཌེན་མཀ་ཀྱི་རྒྱལ་ས་ཁོ་པེན་ཧ་གེན་ནང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཆེས་མཐོའི་ལྷན་ཚོགས་གནང་རྒྱུ་ཡིན་པའི་གོང་དེར་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་རྩོད་གཞི་ཟུར་འཇོག་བྱས་ཏེ་གནམ་གཤིས་འགྱུར་བའི་ལས་དོན་ཐད་མཉམ་འབྲེལ་བྱ་རྒྱུའི་ལོ་ལྔའི་མཐུན་གྲོས་ཐོག་ཕྱོགས་གཉིས་ཀས་མིང་རྟགས་བཀོད་འདུག མཐུན་གྲོས་དེའི་འོག་རྒྱ་དཀར་ནག་གཉིས་ཀྱི་ལས་དོན་རུ་ཁག་གིས་གནམ་གཤིས་འགྱུར་བའི་ཐོག་གི་གནས་ཚུལ་ཕན་ཚུན་བརྗེ་ལེན་བྱ་རྒྱུ་ཡིན་པ་རེད།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གོང་ཞུས་རྒྱལ་ཁབ་གཉིས་དབར་གྱི་མཐུན་གྲོས་ཐོག་མིང་རྟགས་བཀོད་མཁན་རྒྱ་ནག་ཕྱོགས་ཀྱི་སྐུ་ཚབ་རྒྱ་ནག་རྒྱལ་ཡོངས་འཛུགས་སྐྲུན་ཡར་རྒྱས་དང་བཅོས་སྒྱུར་ལྷན་ཁང་གི་བློན་ཆེན་ཤེ་ཀྲེན་ཧུཨ་ཡིས་ང་ཚོས་རྒྱ་གར་དེ་བཞིན་རྒྱ་ནག་གི་གྲོགས་པོ་ལྷག་བསམ་རྣམ་དག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ་གནམ་གཤིས་འགྱུར་བའི་ཐོག་གི་མཐུན་གྲོས་དེས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་དེ་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་ཐུབ་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་བཞག

རྒྱ་གར་གྱི་ཁོར་ཡུག་བློན་ཆེན་ཇེ་རཱམ་ར་མེཤ་ཡིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ལས་དོན་བྱ་ཕྱོགས་ཐད་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ལངས་ཕྱོགས་ལ་ཁྱད་པར་མེད་པའི་སྐོར་གསུངས་ཏེ་རྒྱལ་ཁབ་གཉིས་ཀྱི་ལངས་ཕྱོགས་དེས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་དེ་ཡིན་སྐོར་གསུངས་བཞག རྒྱ་ནག་དང་རྒྱ་གར་གཉིས་ནི་འཛམ་གླིང་ནང་ནས་ཁ་རླུང་བཙོག་པ་མང་ཤོས་བཟོ་མཁན་གྱི་རྒྱལ་ཁབ་གྲས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎