རྒྱ་གར་ནང་སྟོང་ལ་ཉེ་བའི་སེམས་ཅན་སྟག་གི་གྲངས་འབོར་མང་དུ་ཕྱིན་ཡོད་པ།


2015.12.18
རྒྱ་གར་ནང་སྟོང་ལ་ཉེ་བའི་སེམས་ཅན་སྟག་གི་གྲངས་འབོར་མང་དུ་ཕྱིན་ཡོད་པ། ༢༠༠༦་ལོར་མདོ་སྨད་བླ་བྲང་ཕྱོགས་སུ་པགས་རིགས་མེར་བསྲེགས་གཏོང་བཞིན་པ།
Photo: RFA

༄༅།སྤྱི་ཟླ་༡༢པའི་དཔལ་འབྱོར་རིག་པའི་དུས་དེབ་ཀྱི་ཞིབ་འཇུག་རྩོམ་ཡིག་ཅིག་སྤེལ་བའི་ནང་དེ་སྔོན་བོད་ནང་དུ་སྟོང་ལ་ཉེ་བའི་རི་རྭགས་སེམས་ཅན་གྱི་པགས་རིགས་རྒྱན་གོས་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད་པ་དང་། བོད་མི་ཚོར་དབྱར་རྩྭའི་དགུན་འབུའི་ཡོང་འབབ་ལ་བརྟེན་ནས་རིན་གོང་ཆེན་བའི་སེམས་ཅན་གྱི་པགས་པའི་གྱོན་ཆས་རྒྱས་སྤྲོས་ཀྱིས་དུས་ཆེན་སྐབས་སུ་རྒྱུ་ངོམས་བྱེད་པའི་ལུགས་སྲོལ་ཞིག་དར་ཡོད་པ་རེད། འོན་ཀྱང་སྤྱི་ལོ་༢༠༠༦ལོར་༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་དཔལ་དུས་ཀྱི་འཁོར་བའི་དབང་ཆེན་ཞིག་གི་ཐོག་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་གཙོས་པའི་མི་ཚོགས་སྟོང་མང་པོའི་འདུ་འཛོམས་སྐབས་སུ་གཅན་གཟན་གྱི་པགས་པ་གྱོན་མི་ཉན་པའི་བཀའ་སློབ་ཕེབས་པར་བརྟེན་ནས་བོད་ས་ཁུལ་ཡོངས་སུ་བོད་མི་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་གཅན་གཟན་པགས་པའི་གྱོན་གོས་དང་བླངས་ཀྱི་སྒོ་ནས་་མེར་སྲེག་བཏང་ནས་རྒྱུ་ནོར་ལ་ཕམ་སེམས་ཡེ་ནས་མི་བྱེད་པ་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་ལ་དད་གུས་དང་བརྩི་བཀུར་ཤུགས་ཆེན་ཞིག་མཚོན་པར་བྱས་ཡོད་པ་རེད། སྤྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་པོའི་ཡར་ལངས་ཀྱི་རྗེས་སུ་རྒྱ་ནག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་ལ་མཚན་སྨད་བྱེད་ཤུགས་ཆེ་རུ་བཏང་ན་ཡང་བོད་མི་ཚོས་ད་དུང་༧གོང་ས་མཆོག་གིས་གཅན་གཟན་པགས་རིགས་གྱོན་མི་ཉན་པའི་བཀའ་སློབ་ལ་བརྩི་སྲུང་མུ་མཐུད་བྱེད་བཞིན་པ་རེད་ཅེས་བརྗོད་འདུག། ཡང་གོང་ཞུས་གསར་འགོད་པ་ཁོང་གིས་བརྗོད་ན། སྤྱི་ལོ་༢༠༠༢ལོར་ནས་སྤྱི་ལོ་༢༠༠༦ལོར་བར་རྒྱ་གར་ནང་སྟག་གི་གྲངས་འབོར་དེ་༣༦༠༠ཙམ་ནས་༡༤༠༠ཙམ་བར་བརྒྱ་ཆ་༥༠ཙམ་ཉུང་ཏུ་ཕྱིན་ཡོད་ན་ཡང་སྤྱི་ལོ་༢༠༠༦ལོར་༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་གིས་པགས་རིགས་གྱོན་གོས་བཀག་བསྡོམས་ཀྱི་བཀའ་སློབ་ཕེབས་རྗེས་སུ་ད་སྐབས་ལོ་བཅུ་ཙམ་གྱིས་རྗེས་སུ་རྒྱ་གར་གྱི་སྟག་གི་གྲངས་འབོར་༢༢༢༦ཡར་འཕར་སྣོན་བྱུང་ཡོད་པའི་སྐོར་བརྗོད་ཡོད་པ་དང་། དེ་བཞིན་གོང་ཞུས་གསར་འགོད་པས་ཉེ་ལམ་ཁམས་ཡུལ་ཤུལ་ཁུལ་དུ་དུས་སྟོན་ཞིག་གི་སྐབས་སུ་ཆེད་དཀོན་པའི་རི་དགས་ཀྱི་པགས་པའི་གྱོན་ཆས་རྒྱས་སྤྲོས་མཁན་ཡང་མཐོང་རྒྱུ་མེད་པ་ཞིག་རེད་ཅེས་བརྗོད་འདུག།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎