རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ།

2022.05.24
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ། ༢༠༢༢།༥།༢༣། རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་Guangzhou་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་Michelle Bachelet་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་བཀའ་མོལ་གནང་བ།
ཨེ་ཨེཕ་པི།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཕྱི་ཚེས་ ༢༣ ཉིན་སྤྱི་བསྒྲགས་ཤིག་སྤེལ་གནང་བ་དེའི་ནང་།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་ལྕམ་ Michelle Bachelet མཆོག་རྒྱ་ནག་གི་ཤིན་ཅང་ཞེས་འབོད་པའི་མངའ་
ཁུལ་དུ་གཟིགས་ཞིབ་ཏུ་ཕེབས་སྐབས། ཁོང་གིས་བོད་ཀྱི་གནད་དོན་དེ་ཁ་གསལ་པོ་དང་ཤུགས་ཆེན་པོའི་ཐོག་གླེང་སློང་དང་། རྒྱ་ནག་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་འཆར་གཞི་དང་ལྡན་པའི་ཐོག་བརྡལ་བཤིགས་བཏང་དང་གཏོང་བཞིན་པ་དེར་སྐྱོན་བརྗོད་གནང་དགོས་པའི་དགོས་འདུན་བཏོན་གནང་འདུག
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་བསྒྲགས་དེའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་ལྕམ་ Bachelet མཆོག་ད་ཐེངས་བོད་ནང་ཕེབས་ཀྱི་མེད་པ་དང་། བོད་ནང་གི་གནས་སྟངས་རང་དབང་དང་ལྡན་པའི་ཐོག་ནས་ཞིབ་འཇུག་ཡོང་རྒྱུར་འཆར་གཞི་དང་ལྡན་པའི་ཐོག་སྒོ་བརྒྱབ་ཡོད་པར་བརྟེན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་པས་ཉུང་མཐར་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་གླེང་སློང་གནང་དགོས་ཞེས་སྤྱི་བསྒྲགས་དེའི་ནང་བཀོད་གནང་ཡོད་པ་རེད་འདུག ཡང་གོང་ཞུས་ཀྱི་སྤྱི་བསྒྲགས་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་ཁག་གི་གཞུང་ཁག་དང་གྲོས་ཚོགས་དང་མང་ཚོགས་ཀྱི་ཚོགས་པ་ཁག་དང་ཐ་ན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེད་ལས་མཁས་པ་ཚོས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇི་ཞན་ཇི་སྡུག་ཏུ་འགྲོ་བའི་གནས་བབས་འཐེར་འདོན་གནང་ཡང་ལྕམ་Bachelet ཡིས་དེ་ལྟར་གནང་མེད་པ་རེད། གནས་བབས་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཐོག་གནོད་སྐྱོན་འཚབ་ཆེ་བཏང་བ་མ་ཟད་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ལག་ཆར་བེད་སྤྱོད་ཆགས་ཡོད་པ་རེད་ཅེས་སོགས་གོང་ཞུས་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་བསྒྲགས་དེའི་ནང་བཀོད་གནང་ཡོད་པ་རེད།།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎