དབྱིན་ཇིའི་སྐྱོན་བརྗོད་ལ་རྒྱ་གཞུང་ནས་དགག་བྱ།

དབྱིན་ཇིའི་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྐྱོན་བརྗོད་གནང་བ་དེ་ཁུངས་མེད་ཀྱི་སྐྱོན་བརྗོད་ཞིག་ཡིན་པས་མ་ཟད། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་རེད་ཅེས་བརྗོད་འདུག

2012.12.20

༄༅།    །རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁ་ས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཧའོ་ ཆུན་ཡིང་གིས། ཉེ་ཆར་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཧུ་གོ་ སེ་ཝེར་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་ཡོད་ལུགས་བསྒྲགས་གཏམ་སྤེལ་བ་དེར་ང་ཚོ་མཐའ་ཅིག་ཏུ་ངོ་རྒོལ་ཡོད། གནས་ཚུལ་དེ་དག་ནི་ཁུངས་མེད་ཀྱི་སྐྱོན་བརྗོད་ཞིག་ཡིན་པས་མ་ཟད།    རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་དབྱིན་ཇིའི་གཞུང་ནས་ནོར་འཁྲུལ་ཡོ་སྲངས་བྱེད་ནས་བསམ་ཚུལ་དེར་ནན་པོའི་ཐོག་བསམ་བློ་གཏོང་དགོས་ལུགས་འགྲེལ་བརྗོད་བྱས་པ་དང་སྦྲགས།    མ་འོངས་པར་ཡང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་འདི་རིགས་མི་ཡོང་བ་དང་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་མི་འགྲོ་བའི་ཐད་བསམ་ཤེས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་ཀྱང་བཤད་ཡོད་པ་རེད། དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་གི་མགྲིན་ཚབ་མས། འདི་ལོའི་ཕྱི་ཟླ་ལྔ་པའི་ནང་དབྱིན་ཇིའི་སྲིད་བློན་མཆོག་ནས་༧གོང་ས་ཏྭ་ལའི་བླ་མ་དང་མཇལ་འཕྲད་གནང་བ་དེས་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་ཐེབས་ཡོད་པའི་སྐོར་ཡང་ལུང་འདྲེན་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎