༧གོང་ས་མཆོག་ལ་ཐོངས་མཆན་འབུལ་དགོས་པའི་འབོད་སྐུལ།
2011.09.30
༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོཌ་པས། ལྷོ་ཨ་ཕེ་རི་ཀའི་གཞུང་ལ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ ནོ་བེལ་ ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་གྱི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུར་ཐོངས་མཆན་་ སྦི་སྰ འབུལ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།
དེ་ཡང་གཟའ་འཁོར་རྗེས་མར་་ནོ་བེལ ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་ཆོས་དཔོན་ཌེས་མན་ཊུཊུ་མཆོག་དགུང་གྲངས་༨༠ ཕེབས་པའི་འཁྲུངས་སྐར་མཛད་སྒོ་ཚོགས་ཀྱི་ཡོད་པ་དེར་སྤྱི་ནོར་༧གོང་ས་མཆོག་ལ་གདན་ཞུ་ཕུལ་ཡོད་ཀྱང་ལྷོ་ཨེ་ཕེ་རི་ཀའི་གཞུང་གིས་ཆིབས་བསྒྱུར་གནང་ཆོག་པའི་ཐོངས་མཆན་་ སྦི་སྰ འབུལ་མེད་པར་བརྟེན། འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས། ལྷོ་ཨ་ཕེ་རི་ཀའི་གཞུང་གིས་རྒྱ་ནག་ཕྱོགས་ནས་གནོན་ཤུགས་དང་སྐྱོན་བརྗོད་བྱེད་པ་ཉན་འཇོག་མ་བྱས་པར་གཟའ་འཁོར་རྗེས་མ་༧གོང་ས་ཏྰ་ལའི་བླ་མ་མཆོག་ལྷོ་ཨ་ཕེ་རི་ཀར་ཆིབས་བསྒྱུར་བསྐྱང་རྒྱུར་ཐོངས་མཆན་འབུལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕེ་རི་ཀར་ཆིབས་བསྒྱུར་བསྐྱང་རྒྱུར་ཐོངས་མཆན་སྦི་སྰ་ཞུ་རྒྱུ་ཕྱི་ཟླ་དྲུག་པ་ནས་ཕུལ་ཟིན་ཡོད་ཀྱང༌། ད་དུང་ལྷོ་ཨ་ཕེ་རི་ཀའི་དཔོན་རིགས་ནས་བཀའ་ཁྲོལ་མ་ཐོབ་པ་མ་ཟད། འབྲེལ་ཡོད་ནས་ཐོངས་མཆན་སྦི་སྰ སྙན་ཞུར་ད་དུང་ཡང་བསམ་གཞིཌ་བྱེད་མུས་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། དེ་རིང་རེས་གཟའ་པ་སངས་ཉིན་ཆོས་དཔོན་་ཌེས་མན་ཊུཊུ་མཆོག་གིས་གསར་འགྱུར་ལས་ཁང་ཞིག་གི་བཅར་འདྲི་དང་ལེན་གནང་སྐབས། ཁོང་གིས་་ལྷོ་ཨ་ཕེ་རི་ཀའི་གཞུང་ནས་༧གོང་ས་མཆོག་ལ་ཐོངས་མཆན་སྦི་སྰ འབུལ་བའི་རེ་བ་མེད་པ་དང༌། ད་ལོའི་ཁོང་གི་དགུང་ལོ་༨༠ འཁྲུངས་སྐར་དེ་༧གོང་ས་མཆོག་ཚོགས་ཞུགས་མེད་པར་གཏོང་དགོས་པ་ཡོང་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པའི་སྐོར་གསུང་ཡོད་པ་རེད། ལྷོ་ཨ་ཕེ་རི་ཀ་དང་རྒྱ་ནག་གཉིས་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། དུས་རྒྱུན་ནས་ལྷོ་ཨ་ཕེ་རི་ཀའི་གཞུང་ལ་༧གོང་ས་མཆོག་ལ་ཐོངས་མཆན་འབུལ་མི་ཆོག་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པར་བརྟེན་ནས། ལྷོ་ཨ་ཕེ་རི་ཀའི་གཞུང་གིས་ད་རེས་༧གོང་ས་མཆོག་ལ་ཐོངས་མཆན་མ་འབུལ་བ་དེའང་རྒྱ་ནག་གི་གནོན་ཤུགས་རེད་ཅེས་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་བར་བརྟེན། རེས་གཟའ་ལྷག་པའི་ཉིན་ལྷོ་ཨ་ཕེ་རི་ཀའི་གཞུང་གིས་སྐྱོན་བརྗོད་དེ་ངོས་ལེན་བྱས་མེད་པ་རེད།