རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ།

ཕྱི་ལོ་ཉིས་སྟོང་དགུ་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྙན་ཐོ།

2010.01.20

༄༅༎རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཕྱི་ཚེས་༢༠ཉིན་ཕྱི་ལོ་ཉིས་སྟོང་དགུ་ལོའི་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཀྱི་སྙན་ཐོ་ཐེངས་༢༠དེ་འདོན་སྤེལ་གནང་ཡོད་པ་དང་དེའི་ནང་བོད་ནང་གི་གནས་སྟངས་སྐོར་དམིགས་བསལ་དབྱེ་ནས་བཏོན་ཡོད་པ་བཞིན་ཕྱི་ལོ་ཉིས་སྟོང་དགུ་ལོའི་ནང་རྒྱ་ནག་གཞུང་གིས་བརྗོད་པའི་བོད་རང་སྐྱོང་ལྗོངས་དང་དེ་བཞིན་རྒྱ་ནག་གི་ཟི་ཁྲོན་དང་ཀན་སུའུ་མཚོ་སྔོན་སོགས་ཞིང་ཆེན་ཁོངས་སུ་དབྱེ་བའི་བོད་མིའི་ས་ཁུལ་ཚང་མའི་ནང་དམ་བསྒྲགས་ཀྱི་སྲིད་བྱུས་ཉིས་སྟོང་བརྒྱད་ལོ་ནས་བཟུང་མུ་མཐུད་ལག་ལེན་བསྟར་མུས་ཡིན་པ་མ་ཟད་ཕྱི་ལོ་ཉིས་སྟོང་དགུ་ལོའི་ནང་བོད་མི་གཉིས་ལ་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་པའི་སྐོར་དང་   དེ་དང་ཕྱོགས་མཚུངས་ཕྱི་རྒྱལ་མི་རིགས་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་པ་ཟད་བོད་མི་མུ་མཐུད་ནས་འཛིན་བཟུང་དང་ཁྲིམས་ཐག་བཅད་ཀྱི་ཡོད་པ་དཔེར་ན་ཉེ་བའི་ཆར་ཁམས་ལི་ཐང་ཁུལ་གྱི་ཕུར་བུ་ཚེ་རིང་རིན་པོ་ཆེ་དང་དེ་བཞིན་གློག་བརྙན་བཟོ་སྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་སོགས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཅིང་ད་དུང་བོད་ནང་བོད་མི་འཕོན་ཆེ་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་གནས་སྟངས་ཚབས་ཆེ་ཡོད་མུས་ཡིན་པ་དང་ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གཞུང་གིས་ཁ་བྲལ་ལ་ངོ་རྒོལ་ཞེས་པའི་ལས་འགུལ་སྤེལ་ནས་ལས་འགུལ་དེའི་འོག་ཉིས་སྟོང་བརྒྱད་ལོར་ཞི་བའི་ངོ་རྒོལ་རྔམ་སྟོན་ནང་ཞུགས་མཁན་དང་དེ་བཞིན་རྒྱ་གར་དུ་བྲོས་བྱོལ་དུ་བསྐྱོད་མཁན་གྱི་ནང་མི་སྤུན་མཆེད་དང་ཆབ་སྲིད་བཙོན་པ་ཟུར་པ་ཚོའི་ནང་མི་སྤུན་མཆེད་དེ་མིན་ཆབ་སྲིད་བཙོན་པ་དང་ཁོང་ཚོའི་ནང་མི་ཚོར་ལྟ་རྟོགས་དང་སེམས་འཁུར་བྱེད་མཁན་སོགས་ལ་བསུན་བཙིར་དང་དམ་བསྒྲགས་བཀག་སྡོམ་སོགས་བྱེད་ཀྱི་ཡོད་པའི་སྐོར་དཔེ་མཚོན་དྲངས་ནས་ཞིབ་ཕྲ་བཀོད་ཡོད་པ་རེད་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྤེལ་བའི་ཤོག་གྲངས་༦༡༢ཡོད་པའི་ཉིས་སྟོང་དགུ་ལོའི་ལོ་འཁོར་སྙན་ཐོ་དེའི་ནང་ འཛམ་གླིང་ཡུལ་ཁག་དང་ས་ཁུལ་༩༠ལྷག་ཙམ་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གསལ་སྟོན་གནང་ཡོད་པ་རེད་  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎