ཨ་རིའི་ཕྱི་སྲིད་དྲུང་ཆེ་ཀི་ལིན་ཊོན་མཆོག་ལ་ཛ་དྲག་གི་འབོད་སྐུལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱ་ནག་གི་དཔོན་རིགས་ཚོར་བོད་དང་ཤིན་ཅང་གི་གནད་དོན་ཐད་དགོངས་ཚུལ་བཏོན་གནང་དགོས་པའི་འབོད་སྐུལ།

2009.02.13

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་རིང་མིན་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དང་སྟབས་བསྟུན་ནས་ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་ཐུན་མོང་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཚོར་བོད་དང་ཤིན་ཅང་གི་གནད་དོན་ཐད་དགོངས་ཚུལ་བཏོན་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང༌།རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ཐུན་མོང་ཐོག་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཊོན་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་གནང་རིང་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་བོད་དང་ཤིན་ཅང་ས་ཁུལ་ནང་བོད་མི་དང་ཡུ་གུར་མི་རིགས་ཐོག་གང་བྱུང་གི་རྡུང་རྡེག་ཚོད་མེད་གཏོང་བཞིན་པའི་གནས་སྟངས་དང་དེ་བཞིན་གསར་འགྱུར་ལས་རིགས་ཐོག་བཏང་འཛིན་དང་ཞིབ་བཤེར་གྱི་ལམ་ལུགས་མེད་པ་བཟོ་རྒྱུ་སོགས་ཀྱི་གནད་དོན་རྒྱ་ནག་གི་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་བའི་སྐབས་གླེང་སློང་གནང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་གསུང་ན་བོད་མི་དང་ཡུ་གུར་མི་རིགས་ཐོག་རྒྱ་ནག་གཞུང་གིས་མུ་མཐུད་ནས་དྲག་གནོན་དང་རྡུང་རྡེག་བཏང་ཏེ་ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་ཡོངས་སུ་བརྩི་མེད་རྡོག་རོལ་གཏོང་མུས་ཡིན་ཞིང་བོད་མི་དང་ཡུ་གུར་མི་རིགས་ཚོས་ཞི་བའི་ཐོག་ནས་ངོ་རྒོལ་སྐད་འབོད་བྱས་པའི་ཐོག་ཁ་བྲལ་རིང་ལུགས་པ་ཞེས་པའི་ཉེས་བཙུགས་བྱས་ནས་རྡུང་རྡེག་གཏོང་གི་ཡོད་པའི་བྱ་སྤྱོད་དེ་རིགས་མཚམས་འཇོག་དགོས་པ་དང་དེ་བཞིན་མ་འོངས་བོད་དང་ཤིན་ཅང་གི་གནད་དོན་སེལ་རྒྱུར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་གྱི་ལམ་བུ་སྐྲུན་དགོས་པའི་སྐོར་གླེང་སློང་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ཕྱི་ཟླ་གཉིས་པའི་ཚེས་བཅུ་དྲུག་ནས་ཉི་ཤུ་གཉིས་བར་ཉི་ཧོང་དང་ཨིན་ཌོ་ནེ་ཤེ་ཡ་ལྷོ་ཀོ་རི་ཡ་རྒྱ་ནག་བཅས་ཡུལ་གྲུ་བཞིའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་ཞིང་ཕྱི་ཚེས་ཉི་ཤུ་ནས་ཉི་ཤུ་གཉིས་བར་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎