རྒྱའི་སྲིད་འཛིན་ནས་པ་ཀིསི་ཐན་སྲིད་འཛིན་ལ་དགའ་བསུ་ཞུས།

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཨ་སིཕ་ཛར་རྡ་རི་པ་ཀིསི་ཐན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བར་དགའ་བསུ་ཞུས་གནང་འདུག

2008.09.07

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ ཨ་སིཕ་ཛར་རྡ་རི་ པ་ཀིསི་ཐན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བར་དགའ་བསུ་ཞུས་གནང་འདུག

རྒྱ་ནག་དང་པ་ཀིསི་ཐན་གཉིས་ས་ཆུ་གཉིས་ཐོག་ནས་སྦྲེལ་བ་ཡོད་པར་བརྟེན་ལོ་མང་གོང་ནས་ཡུལ་གཉིས་དབར་མཛའ་འབྲེལ་བརྟན་པོ་ཡོད་པས་འབྲེལ་ལམ་དེ་མཇུག་སྐྱོང་གནང་རྒྱུའི་ཁས་ལེན་གནང་སྦྲགས་ སྲིད་བློན་དམ་པ་ སྦེ་ན་ཛིར་སྦུ་ཊོ་ཡི་སྐུ་ཟླ་ ཨ་སིཕ་ཛར་རྡ་རི་ད་ཆ་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འོས་འདེམས་བྱུང་བར་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་དགའ་བསུའི་འཚམས་འདྲི་དང་བསྔགས་བརྗོད་གནང་འདུག འདས་པའི་ལོ་༥༧རིང་ཡུལ་གཉིས་དབར་ཆབ་སྲིད་དང་ དཔལ་འབྱོར་ གང་ཅིའི་ཐད་མཛའ་འབྲེལ་གོང་མཐོར་འཕེལ་ཡོད་པ་མ་ཟད་ ཞི་བདེ་དང་སྲུང་སྐྱོབ་ འཛུགས་བསྐྲུན་ བཅས་ཀྱི་ཐད་གྲུབ་འབྲས་ཆེན་པོ་སོན་ཡོད་ལུགས་འགྲེལ་བརྗོད་བྱས་འདུག འཕོ་འགྱུར་འགྲོ་བཞིན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡུལ་གཉིས་དབར་གྱི་མཛའ་འབྲེལ་མཇུག་སྐྱོང་གིས་སླད་ཕྱིན་ནས་མཛའ་འབྲེལ་མཇུག་སྐྱོང་གིས་ཕན་ཚུན་སྤུན་ཟླའི་འབྲེལ་ལམ་བཟང་པོ་ཡུན་གནས་ཐུབ་པའི་རེ་བ་སྟོན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎