བཙོན་པའི་དོན་སྣོད་གཞན་ལ་བེད་སྤྱོད་མཚམས་འཇོག་ཡོང་ཐབས།


2014.08.01
རྒྱ་ནག་ནང་གི་བུད་མེད་བཙོན་ཁང་ཞིག། རྒྱ་ནག་ནང་གི་བུད་མེད་བཙོན་ཁང་ཞིག།
AFP

རྒྱ་ནག་ནང་སྲོག་ཐོག་ཏུ་བཏང་བའི་བཙོན་པ་རྣམས་ཀྱི་དོན་སྣོད་གཞན་ལ་བེད་སྤྱོད་གཏོང་མཚམས་འཇོག་ཐབས་ཀྱི་གྲོས་འཆར་ཞིག་ཨ་རིས་བཏོན་འདུག
རྒྱ་ནག་ནང་སྲོག་ཐོག་ཏུ་བཏང་བའི་བཙོན་པ་རྣམས་ཀྱི་གཟུགས་པོའི་དོན་སྣོད་ཁག་ནད་པ་གཞན་བཅོས་ཐབས་ཀྱི་ཆེད་དུ་བེད་སྤྱོད་གཏོང་བཞིན་པའི་ལམ་སྲོལ་ཡོད་པ་མཚམས་འཇོགས་ཡོང་ཐབས་སུ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གིས་ཁྲིམས་གཞིའི་གྲོས་འཆར་ཞིག་འདོན་རྒྱུའི་ཐག་གཅོད་གནང་ཡོད་པ་དང་། ཟླ་བ་སྔོན་མའི་ཚེས་༣༠ཉིན་མོས་མཐུན་བྱུང་བའི་ཁྲིམས་གཞིའི་གྲོས་འཆར་དེའི་ནང༌། རྒྱ་ནག་ནང་དོ་བདག་སོ་སོའི་མོས་མཐུན་དང་ཆོག་མཆན་མེད་པར། བཙོན་པ་སྲོག་ཐོག་ཏུ་བཏང་བའི་རྗེས། དེ་དག་གི་གཟུགས་པོའི་དོན་སྣོད། དཔེར་ན། སྙིང་དང༌། མཁལ་མ། མཆིན་པ། གློ་བ་སོགས་ནད་པ་གཞན་བཅོས་ཐབས་ཀྱི་ཆེད་དུ་བེད་སྤྱོད་གཏོང་བའི་ལམ་སྲོལ་ཞིག་ཡོད་པ་དེར། རྒྱལ་སྤྱི་དང་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་བྱེད་མཁན་ཚོས་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་བཞིན་པར་མི་ལྟོསཔར་ལམ་སྲོལ་ངན་པ་དེ་དག་དུས་ད་ལྟའང་ལག་བསྟར་བྱེད་བཞིན་ཡོད་པའི་དཔང་རྟགས་ར་འཕྲོད་གསལ་པོ་ཡོད་པ་མ་ཟད། དེ་ལྟར་བྱ་རྒྱུར་སྲོག་ཐོག་གི་ཉེས་ཆད་ཕོག་མཁན་གྱི་གྲས་སུ་Falun Gongརྩ་རླུང་སྒོམ་སྒྲུབ་བྱེད་མཁན་གྱི་ཚོགས་མི་དང༌། གྲངས་ཉུང་མི་རིགས་ཆེས་མང་པོ་ཡོད་པ་དང་། ཡང་ལམ་སྲོལ་ངན་པ་དེ་དག་རྒྱ་ནག་གཞུང་གིས་ཐད་ཀའི་བཀའ་འཁྲོལ་འོག་ལག་བསྟར་བྱེད་བཞིན་པ་ནི། བློ་ཡུལ་ལས་འདས་པའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའི་བྱ་སྤྱོད་ཅིག་ཡིན་པར་སོང༌། བྱ་སྤྱོད་འདི་རྒྱ་ནག་གཞུང་གིས་འཕྲལ་མར་མཚམས་འཇོག་བྱེད་དགོས་ཀྱི་རེད་ཅེས་གསུང་འདུག་ཅིང༌། འོན་ཀྱང་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ Geng Shuang གྱིས། ད་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གིས་བཏོན་པའི་ཁྲིམས་གཞིའི་གྲོས་འཆར་དེ་ནི་ཁུངས་མེད་ཀྱི་སྐྱོན་འཛུགས་ཞིག་ཡིན་པ་དང༌། སྐྱོན་འཛུགས་དེ་དག་ Falun Gong རྩ་རླུང་སྒོམ་སྒྲུབ་ཚོགས་པས་རྫུན་བཟོ་བྱས་པ་ཞིག་རེད་ཅེས་ལན་འདེབས་བྱས་འདུག
གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན། ད་ལམ་གྱི་ཁྲིམས་གཞིའི་གྲོས་འཆར་དེ་ཐོག་མར་འདོན་མཁན་ནི། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ ལྕམ་ Ileana Ros-Lehtinen ཡིན་པ་དང༌། གྲོས་འཆར་དེར་ཕྱི་འབྲེལ་ཚོགས་ཆུང་ནང་མང་མོས་རྒྱབ་སྐྱོར་ཐོབ་ཏེ། རིམ་པས་གྲོས་ཚོགས་འོག་མའི་ལྷན་འཛོམས་ཐོག་བཀའ་བསྡུར་གནང་འཆར་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎