ལྷ་ས་གྲོང་ཁྱེར་ནང་གི་བོད་མིའི་མགྲོན་ཁང་གི་དཀའ་ངལ།

དེང་སྐབས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་ཨ་མདོའི་མགྲོན་ཁང་ཁག་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་གྱིས་ཚོང་ལས་གཉེར་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག

2013.01.09

ལྷ་ས་གྲོང་ཁྱེར་ནང་གི་བོད་མིའི་མགྲོན་ཁང་གི་དཀའ་ངལ།

དེ་ཡང་ཕྱི་ལོ་༢༠༠༨ལོར་བོད་ཀྱི་རྒྱལ་ལྷ་སར་ཞི་ངོ་རྒོལ་ཤུགས་ཆེ་བྱུང་རྗེས་།  རྒྱ་གཞུང་གིས་ལྷ་སར་གནས་མདོ་སྟོད་སྨད་ཁུལ་ནས་ཡིན་པའི་ཚོང་པ་མང་ཆེ་བ་ཕྱིར་འཕུད་བཏང་ཡོད་པ་དང་། དེའི་རྗེས་ནས་བཟུང་ཁམས་དང་ཨ་མདོའི་ཕྱོགས་ཀྱི་ཚོང་པ་དང་། གནས་མཇལ་བ་སོགས་ལ་བཀག་སྡོམ་བྱས་སྟབས་ད་ལྟ་ལྷ་སར་ལོ་མང་པོའི་སྔོན་ནས་གཞིས་སྤོར་བྱས་པའི་ཁམས་ཀྱི་གཏན་སྡོད་ཚོང་པ་རེ་ཟུང་དང་།  དབུས་གཙང་དང་མངའ་རིས་སོཊ་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གཞན་ནས་ཡོང་བའི་གཏན་སྡོད་ཚོང་པ་ཚོ་མ་གཏོགས་ཕྱིས་སུ་འབྱོར་བ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག  ༢༠༡༡ལོའི་ཕྱི་ཟླ་༥ཙམ་ནས་རྒྱ་གཞུང་གིས་ལྷ་སའི་གཙུག་ལག་ཁང་གཡས་གཡོན་གྱི་བོད་རིགས་མགྲོན་ཁང་ཁག་ཏུ། བོད་རིགས་གནས་མཇལ་བ་གཙོས་པའི་བོད་རིགས་ཡིན་པ་ཚོར་ཞིབ་གཤེར་ནན་མོ་བྱེད་པ་དང་། ལག་འཀྱེར་མེད་ན་སྡོད་མི་ཆོག་པ་བཟོས་བ། རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་རིགས་མགྲོན་ཁང་ཁག་ཏུ་མ་བསྡད་པ་སོགས་ལ་བརྟེན་ནས་ད་ལྟ་བོད་རིཊ་མགྲོན་ཁང་ཁག་གི་ཡོང་འབབ་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་སོང་ཡོད་འདུག། དེར་བརྟེན་དེང་སྐབས་བོད་རིགས་མགྲོན་ཁང་རྣམས་ལ་ཚོང་གཉེར་བའི་ཁེ་ཕན་ཡོང་རྒྱུ་ཕར་ཞོག ཐ་ན་མགྲོན་ཁང་གི་ཁང་གླ་དང་། ཉིན་རེའི་ཟས་སོང་གི་ཡོང་འབབ་ཙམ་ཡང་ཐོན་རྒྱུ་དཀའ་བའི་གནས་སྟངས་ཆགས་ཡོད་འདུག བོད་ཀྱི་དུས་བབ་དྲ་རྒྱའི་ཐོག་ལྷ་སར་གནས་སྡོད་ཨ་མདོའི་ཚོང་པ་བ་ཞིག་གིས་བརྗོད་པའི་གནས་ཚུལ་འདྲེན་བྱས་པར་ལྟར་ན་། ཚོང་པ་དེས་མ་རྩ་རྒྱ་སྒོར་ས་ཡ་གཅིག་གི་མགྲོན་ཁང་ཞིག་གཉེར་བཞིན་ཡོད་ཀྱང་། མགྲོན་པོ་ཡོང་མཁན་མངོན་གསལ་དོད་པོས་ཇེ་ཉུང་དུ་ཕྱིན་སྟབས་མགྲོན་ཁང་སྒོ་རྒྱག་དགོས་པའི་གནས་སུ་ལྷུང་ཡོད་པ་མ་ཟད་། བར་ལམ་ནས་རྒྱལ་ས་ལྷ་ས་ཁོ་ནར་བུན་གཏོང་བདག་གཉེར་བྱས་པའི་ཨ་མདོའི་མགྲོན་ཁང་༣༠ལྷག་ཡོད་ནའང་། ད་ཆར་སྔོན་མ་དང་མི་འདྲ་བར་མགྲོན་ཁང་ནང་མགྲོན་པོ་ཡོང་མཁན་མ་བྱུང་སྟབས། མགྲོན་ཁང་བདག་གཉེར་བ་ཚོས་ཁང་བདག་ལ་ཁང་གླ་སྤྲོད་མི་ཐུབ་པ་དང་། བུ་ཕྲུག་ཚོར་སློབ་ཡོན་སྤྲོད་མ་ཐུབ་པར་བུ་ལོན་ནང་ལྷག་ཡོད་པས་གནས་སྟངས་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་པ་མདོར་ན་མགྲོན་ཁང་མང་ཆེ་བ་སྒོ་རྒྱག་དགོས་པའི་ཉེན་ཁར་ཐུག་གི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎