རྒྱ་ནག་གཏེར་ཁ་སྔོག་མཁན་འཚོལ་རྒྱུར་རེ་བ་དེ་ཙམ་མེད་པ།
2010.10.17
༄༅༎རྒྱ་ནག་ནང་གཏེར་ཁ་སྔོག་འདོན་བྱེད་ཡུལ་ལས་གྲར་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་ལས་བཟོ་བ་མི་གྲངས་༢༦རྐྱེན་ལམ་དུ་ཕྱིན་པའི་རྗེས་ད་དུང་ལས་བཟོ་༡༡ས་འོག་ཏུ་ཚུད་པ་རྣམས་འཚོལ་རྒྱུར་རེ་བ་དེ་ཙམ་མེད་པའི་སྐོར་ཉེན་སྐྱོབ་བྱེད་མཁན་གྱི་བཤད་ཡོད་པ་རེད།
དེ་ཡང་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་དབུས་ཧེ་ནན་ཞིང་ཆེན་ཁུལ་གྱི་རྡོ་སོལ་སྔོག་འདོན་བྱེད་ཡུལ་གྱི་ལས་གྲར་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ་ད་དུང་ཡང་ས་འོག་ཏུ་སོན་པོར་ལུས་པའི་ལས་བཟོ་བ་བཅིུག་ཡོད་པ་རྣམས་རྙེད་སོན་ཡོང་རྒྱུར་ཉིན་མ་འགའ་ཤས་འགོར་རྒྱུ་ཡིན་པ་ཉེན་སྐྱོབ་རུ་ཁག་གིས་ངོས་འཛིན་བྱེད་པ་དང༌། ཉེན་སྐྱོབ་རུ་ཁག་གི་འགན་འཛིན་གཞོན་པ་ཏུའུ་ཕོ་ཡིས་ས་གནས་ཀྱི་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། ང་ཚོས་ས་འོག་ཏུ་ཚུད་པའི་བཟོ་པ་རྣམས་འཚོལ་པར་ཉིན་མ་གསུམ་བཞི་གོར་རྒྱུ་ཡིན་སྟབས། ཁོང་ཚོ་སོན་པོར་གནས་ཐུབ་རྒྱུ་ཁག་པོ་ཡིན་པ་བཤད་ཡོད་པ་རེད།།