ཧོང་ཀོང་ཉེན་རྟོག་པས་ངོ་རྒོལ་བའི་ཐོག་འགྱིག་གི་མེ་མདའ་རྒྱབ་འདུག


2019.06.12
ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་རྔམ་སྟོན་བྱེད་མཁན་ཚོའི་ཐོག་དུག་རླངས་བཏང་སྐབས། ༢༠༡༩།༦།༡༢ ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་རྔམ་སྟོན་བྱེད་མཁན་ཚོའི་ཐོག་དུག་རླངས་བཏང་སྐབས། ༢༠༡༩།༦།༡༢
AFP

ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་རྔམ་སྟོན་བྱེད་མཁན་ཚོའི་ཐོག་དུག་རླངས་བཏང་བ་དང་འགྱིག་གི་མེ་མདའ་རྒྱབ་ནས་འགོག་ཐབས་བྱས་འདུག
ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་སྲིད་གཞུང་གིས་ཉེས་ཅན་པ་དང་དོགས་གཞི་ཅན་རྩིས་སྤྲོད་ཀྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར། ཉེ་བའི་ནང་ཧོང་ཀོང་མི་དམངས་ས་ཡ་བརྒལ་བས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། ཕྱི་ཚེས་༩ཉིན་ཧོང་ཀོང་མི་མང་ས་ཡ་གཅིག་ལྷག་ཙམ་ཁྲོམ་གཞུང་དུ་ཐོན་ནས་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་ངོ་རྒོལ་རྔམ་སྟོན་ཁྲོམ་སྐཽར་བྱས་ནས། ཧོང་ཀོང་གཞུང་གིས་ཁྲིམས་འཆར་དེ་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེ་ནི་ཧོང་ཀོང་གི་ལོ་རྒྱུས་ཐོག་གཞི་རྒྱ་ཆེ་ཤོས་དང་མི་མང་ཤོས་ཀྱི་ངོ་རྒོལ་རྔམ་སྟོན་ཞིག་ཡིན། ཡིན་ནའི་ཧོང་ཀོང་གཞུང་གིས་ཁྲིམས་ལུགས་གཏན་འབེབས་ཕྱིར་འཐེན་བྱ་རྒྱུ་མིན་པ་ནན་བརྗོད་བྱས་པའི་རྗེས། ཕྱི་ཚེས་༡༢ཉིན་ཧོང་ཀོང་གྲོས་ཚོགས་ནས་ཉེས་ཅན་པ་དང་། དོགས་གཞི་ཅན་རྩིས་སྤྲོད་ཀྱི་ཁྲིམས་ལུགས་གཏན་འབེབས་ཀྱི་གྲོས་གཞི་དེར་བགྲོ་གླེང་ཐེངས་གཉིས་པ་བྱེད་བཞིན་པའི་སྐབས་ཧོང་ཀོང་གི་མི་མང་སྟོང་ཕྲག་མང་པོས་གྲོས་ཚོགས་ཀྱི་མདུན་དུ། སླར་ཡང་ངོ་རྒོལ་རྔམ་སྟོན་བྱེད་པའི་སྐབས་ཧོང་ཀོང་ཉེན་རྟོག་པས་ངོ་རྒོལ་རྔམ་སྟོན་པ་ཚོའི་ཐོག་མཆི་ཤོར་དུག་རླངས་དང་། དུག་རྫས་གཏོར་བ་མ་ཟད། འགྱིག་གི་མེ་མདའ་རྒྱབ་ནས་ངོ་རྒོལ་བ་མི་ཉུང་བ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ངོ་རྒོལ་བ་ཚོའི་ནང་གྱོན་ཆས་ནག་པོ་གྱོན་པའི་གཞོན་སྐྱེས་ཁག་ཅིག་གིས་ཉེན་རྟོག་པས་བཀག་སྡོམ་བྱས་པའི་ཅིང་ཀྲུང་ཁུལ་གྱི་ས་ཆ་བཟུང་ནས་སྡོད་རྩིས་བྱེད་པའི་སྐབས། ཉེན་རྟོག་པ་བརྒྱ་གྲངས་ཡོང་ནས་གཞོན་སྐྱེས་དེ་ཚོར་ས་གནས་དེ་བཀག་སྡོམ་བྱེད་སྐབས་ཕན་ཚུན་ཕྲན་བུའི་གཞུ་རེས་ཀྱི་གནས་ཚུལ་བྱུང་བ་དང་། ཉེན་རྟོག་པས་ངོ་རྒོལ་རྔམ་སྟོན་པ་ཚོའི་ཐོག་མཆི་ཤོར་དུག་རླངས་དང་། འགྱིག་གི་མེ་མདའ་སོགས་རྒྱབ་ནས་ངོ་རྒོལ་རྔམ་སྟོན་པ་ཁ་ཐོར་བཏང་ཡོད་པ་རེད།  
དེ་དང་ཆབས་ཅིག་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། ཧོང་ཀོང་གཞུང་གིས་ཁྲིམས་ལུགས་ལ་བསྒྱུར་བཅོས་བྱ་རྒྱུར་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བཤད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎