ཧོང་ཀོང་སློབ་གྲྭ་ཆེན་མོས་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲན་གསོའི་འབོད་ཚིག་ཁག་མེད་པ་བཟོས་ཡོད་པ།

2022.01.29
ཧོང་ཀོང་སློབ་གྲྭ་ཆེན་མོས་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲན་གསོའི་འབོད་ཚིག་ཁག་མེད་པ་བཟོས་ཡོད་པ། ཧོང་ཀོང་སློབ་གྲྭ་ཆེན་མོས་གྱང་དེབ་ཐོག་༡༩༨༩ལོའི་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲན་གསོའི་འབོད་ཚིག་འཁོད་པ་ཁག་མེད་པ་བཟོས་ཡོད་འདུག
ཨེ་ཨེཕ་པི།

དེ་ཡང་རོའི་ཊརྶ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བཟོ་པའི་གྱོན་ཆས་གྱོན་པའི་མི་ཁག་ཅིག་གིས་ཧོང་ཀོང་སློབ་གྲྭ་ཆེན་མོའི་ཐད་གུའུ་ཟེར་བའི་ཟམ་པའི་གྱང་སྟེང་དཔའ་བོའི་རྣམ་ཤེས་ནམ་ཡང་མི་ནུབ་པར་འགྱུར། དམངས་གཙོའི་མེ་ལྕེ་དུས་རྟག་ཏུ་འབར་ནས་གནས་རྒྱུ་ཟེར་བ་སོགས་ཀྱི་འབོད་ཚིག་འཁོད་པའི་གཡས་གཡོན་དུ་འཛུགས་སྐྲུན་གྱི་གྱང་རྒྱག་ནས་འབོད་ཚིག་ཁག་མཐོང་རྒྱུ་མེད་པ་བཟོས་ཡོད་པ་རེད། དེ་ལྟར་བྱས་དགོས་པའི་གནད་དོན་ཐད་ཧོང་ཀོང་སློབ་གྲྭ་ཆེན་མོའི་མགྲིན་ཚབ་པས་དྲ་རྒྱ་བརྒྱུད་ནས་ལན་འདེབས་བྱས་པའི་ནང་། དེ་ནི་ཧོང་ཀོང་སློབ་གྲྭ་ཆེན་མོས་དུས་ཚོད་ངེས་མེད་ནང་ས་གནས་མི་འདྲ་དང་འཛུགས་སྐྲུན་མི་འདྲ་བར་བཟོ་བཅོས་ཀྱི་ལས་གཞི་སྤེལ་གྱི་ཡོད་པ་དང་། གོང་གི་ས་ཆ་དེ་ཡང་ལས་གཞི་དེ་ཚོའི་གྲས་སུ་ཚུད་ཡོད་ལུགས་བརྗོད་ཡོད་པ་རེད། འདས་པའི་ལོ་ངོ་གསུམ་ཅུའི་རིང་ཧོང་ཀོང་སློབ་གྲྭ་ཆེན་མོས་༡༩༨༩ལོའི་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་གྱི་དུས་ཚིགས་མ་ཟིན་སྔོན་གོང་ཞུས་གྱང་དེབ་ཀྱི་འབོད་ཚིག་ཁག་གཙང་མ་བཟོ་བའི་སྲོལ་རྒྱུན་ཡོད་པ་དང་། རིང་ཚད་མི་ཊར་༢༠བྱས་པའི་འབོད་ཚིག་འཁོད་པའི་གྱང་དེབ་དེ་བཀག་སྡོམ་བྱས་པ་དེ་ཡང་ཧོང་ཀོང་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཟེར་བ་གཏན་འབེབས་ལག་བསྟར་བྱས་པའི་རྗེས་ཀྱི་བྱ་སྤྱོད་གསར་པ་ཞིག་ཡིན་པ་དང་། དེ་ཚོའི་ནང་ད་དུང་རྒྱ་ནག་གཞུང་གིས་བརྗོད་པའི་ཚོར་བ་རྣོ་བའི་དོན་རྐྱེན་ཁག་གི་དྲན་གསོ་ཁང་ཁག་སྒོ་རྒྱབ་པ་དང་། དེ་བཞིན་དེ་དང་འབྲེལ་བའི་མི་སྒེར་དང་ཚོགས་པ་ཁག་གིས་དྲན་གསོའི་ལས་འགུལ་སྤེལ་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། དེ་བཞིན་༨༩པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་ཚོས་སྐབས་དེ་དུས་རྒྱ་ནག་དམག་དཔུང་གི་དྲག་གནོན་འོག་རྒྱ་ནག་མི་དམངས་སྟོང་ཕྲག་ཁ་ཤས་ཀྱི་ཚེ་སྲོག་ཤོར་ཡོད་པ་བརྗོད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་འབྲེལ་གྱིས་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་ནང་མི་གྲངས་གསུམ་བརྒྱའི་ཚེ་སྲོག་ཤོར་ལུགས་བརྗོད་ཀྱི་ཡོད་པ་རེད།
ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་ཧོང་ཀོང་ནང་གི་སློབ་གྲྭ་ཆེན་མོ་ཁག་གསུམ་ཙམ་ནང་ཡོད་པའི་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་དྲན་གསོའི་འདྲ་གཟུགས་ཁག་གཏོར་བཤིག་བཏང་ཟིན་ཡོད་པ་རེད།།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎