ཧོང་ཀོང་གི་ལས་འགུལ་ནས་སློབ་ཕྲུག་ཕྱིར་འཐེན་བྱེད་མིན།


2014.12.04
ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་སྤེལ་ཡུལ། ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་སྤེལ་ཡུལ།
Photo: RFA

ཧོང་ཀོང་གི་ལས་འགུལ་ནས་སློབ་ཕྲུག་ཕྱིར་འཐེན་བྱེད་དང་མི་བྱེད་ཕལ་ཆེར་གཟའ་འཁོར་གཅིག་ནང་ཚུད་ཐག་གཅོད་བྱེད་རྒྱུ་ཡིན་འདུག
དེ་རིང་གནས་ཚུལ་ཐོན་པ་ལྟར་ན། ཉེ་དུས་ཧོང་ཀོང་ལྟེ་གནས་ཁུལ་བཙན་བཟུང་བྱ་རྒྱུར་འབོད་སྐུལ་བྱེད་མཁན་གྲས་གསུམ་གྱིས་ཁྲིམས་འགལ་གྱི་འདུ་འཛོམས་ཟེར་བར་ཞུགས་པ་ནས་གཞུང་ལ་མགོ་བཏགས་པ་ཡིན་ནའང་ཁོང་ཚོས་སློབ་ཕྲུག་ཚོ་བཙན་བཟུང་བྱེད་ས་ནས་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱས་མེད་པ་རེད། དེའི་གོང་ཙམ་དུ་ཟས་བཅད་ངོ་རྒོལ་དུ་ཞུགས་མཁན་སློབ་ཕྲུག་གསུམ་ཡོད་པའི་གཟུགས་པོའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པར་ད་དུང་དུས་ཚོད་ཇི་ཙམ་འཁྱོལ་ཐུབ་མིན་མི་ཤེས་ནའང་གཞུང་དང་གྲོས་མོལ་བསྐྱར་དུ་ཡོང་རྒྱུར་མུ་མཐུད་འབད་འཐབ་བྱེད་རྒྱུ་ཡིན་པ་ཟས་བཅད་མཁན་སློབ་ཕྲུག་ཧོང་ཀྲེ་ཕུང་གིས་དེ་རིང་བཤད་འདུག ཕྱོགས་མཚུངས་དེ་རིང་སློབ་ཕྲུག་གཉིས་ཡང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་བཞུགས་བྱས་ཡོད་པ་རེད། དེར་བརྟེན་ཧོང་ཀོང་གི་ཉི་གདུགས་ལས་འགུལ་ཞེས་པ་དེ་མིག་སྔར་གནས་སྟངས་ཇི་ཆགས་མ་ངེས་པ་དང་། སློབ་ཕྲུག་གིས་རང་འགུལ་ཐོག་ནས་ཕྱིར་འཐེན་བྱེད་རྒྱུར་ཧོང་ཀོང་དམིགས་བསལ་གཞུང་གིས་རེ་བ་བྱེད་ཀྱི་མེད་པར་བརྟེན་སྔ་སྣུར་ཐོག་ལྟེ་གནས་ཁུལ་གཙང་སེལ་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཡིན་ནའང་སློབ་ཕྲུག་མཉམ་འབྲེལ་གྱི་རྒྱུན་ལས་ལི་རླི་གོའོ་ཡིས་ཚེས་༤་ཉིན་ཧོང་ཀོང་གི་བརྙན་འཕྲིན་ཁང་ཞིག་གི་བཅའ་འདྲིའི་སྐབས་སུ། བཙན་བཟུང་བྱེད་ས་ནས་ཕྱིར་འཐེན་བྱེད་མིན་དེ་གཟའ་འཁོར་གཅིག་ནང་ཚུད་དུ་ཐག་གཅོད་བྱེད་རྒྱུ་དང་ཡིན་ནའི་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་བསམ་ཞིབ་བྱེད་དགོས་པ་ཡིན། བཙན་བཟུང་བྱེད་སའི་ཁུལ་དུ་ཡོད་པའི་མི་སྣ་ཁག་ཅིག་ནས་མཐའ་མཇུག་བར་བསྡད་ནས་མི་མང་འཐུས་ཚོགས་ཀྱི་བརྒྱད་པའི་སོ་གཅིག་གི་ཐག་གཅོད་ཕྱིར་འཐེན་ཡོང་རྒྱུར་མུ་མཐུད་རྩོད་གླེང་གིས་ཆབ་སྲིད་བསྒྱུར་བཅོས་ཡོང་རེའི་བསྐྱར་དུ་གསལ་ཁ་གཏོད་ཡོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎