ཧོང་ཀོང་ནང་ཉེན་རྟོག་པས་གཙང་སེལ་དང་ལས་འགུལ་བ་འཇུ་བཟུང་།


2014.12.15
 ཧོང་ཀོང་ནང་ཉེན་རྟོག་པས་གཙང་སེལ་དང་ལས་འགུལ་བ་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༡༢།༡༡ ཧོང་ཀོང་ནང་ཉེན་རྟོག་པས་གཙང་སེལ་དང་ལས་འགུལ་བ་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༡༢།༡༡
Photo: RFA

ང་ཚོའི་དགོས་འདུན་མ་འགྲུབ་བར་ས་གནས་དེར་ཚུར་བསྐྱར་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་ཡོང་རྒྱུ་ཡིན་ཞེས་སྐད་འབོད་བྱས་འདུག
དེ་ཡང་ཧོང་ཀོང་ནང་ཡོད་པའི་མང་གཙོ་དོན་གཉེར་བ་ཚོས་འདས་པའི་ཟླ་བ་གཉིས་ལྷག་ཙམ་རིང་ཧོང་ཀོང་གཞུང་གི་ལྟེ་གནས་ས་ཁུལ་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བའི་ཁྲོད་གཞུང་གིས་དམ་བསྒྲགས་དང་སྦྲགས་བདུན་ཕྲག་སྔོན་མ་ནས་འགོ་བཙུགས་ཀྱིས་ས་གནས་ཉེན་རྟོག་པས་ལས་འགུལ་བ་ཚོ་གཙང་སེལ་བྱེད་སྒོ་ཚུགས་ཡོད་པ་དང་། དེ་རིང་རེས་གཟའ་ཟླ་བ་ཉིན་ངོ་རྒོལ་བ་ཚོ་ས་གནས་དེ་ནས་གཙང་སེལ་བྱེད་རྒྱུའི་དུས་ཚོད་མཐའ་མ་དེ་ཡིན་ཞེས་པ་དང་སྦྲགས་ཉེན་རྟོག་པས་ངོ་རྒོལ་བ་ཚོའི་འཕྲེད་དར་དང་། སྡོད་གུར་སོགས་མོ་ཊའི་ནང་དབྱུགས་སྟེ་དམངས་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་གནང་སའི་ས་གནས་སུ་གཙང་སེལ་བྱེད་པ་དང་སྦྲགས་འཛིན་བཟུང་བྱེད་བཞིན་ཡོད་པ་རེད། སྐབས་དེར་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་སློབ་ཕྲུག་ཅིག་གིས་ང་ཚོའི་དགོས་འདུན་མི་གྲུབ་བར་ས་གནས་དེར་ཚུར་བསྐྱར་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་ཡོང་རྒྱུ་ཡིན་ཞེས་སྐད་ཤུགས་ཆེན་པོས་འབོད་ཡོད་པ་རེད། ཕྱི་ལོ་༢༠༡༧་ལོར་ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་འགན་འཛིན་འོས་བསྡུ་བྱེད་རྒྱུའི་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པ་དེའི་ཐད་ཧོང་ཀོང་ནང་ཡོད་པའི་སློབ་ཕྲུག་གཙོ་བོར་གྱུར་བའི་མང་གཙོའི་དོན་གཉེར་བ་ཚོས་འདི་ལོ་ཕྱི་ཟླ་དགུ་པ་ནས་འགོ་བཙུགས་ནས་མུ་མཐུད་ནས་ཧོང་ཀོང་གི་ཁྲོམ་གཞུང་ཆེ་ཁག་དང་གཞུང་གི་ལས་ཁུངས་ལྟེ་གནས་ལ་སོགས་པའི་ས་ཁུལ་ཁག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དེའི་ཐོག་ཧོང་ཀོང་གཞུང་གིས་མུ་མཐུད་དམ་བསྒྲགས་བྱས་ནས་དེ་རིང་ས་གནས་སུ་གཙང་སེང་བྱེད་རྒྱུའི་དུས་ཚོད་མཐའ་མ་དེ་ཡིན་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་སློབ་ཕྲུག་མང་པོ་འཛིན་བཟུང་བྱེད་བཞིན་ཡོད་པ་རེད།  

གསར་འགོད་པ་དབྱངས་སྒྲོལ།

2014-12-11 ཧོང་ཀོང་ཉེན་རྟོག་པས་གྲོང་ཁྱེར་ལྟེ་གནས་སུ་བཟུང་སྡོད་བྱེད་མཁན་དམངས་གཙོ་ལས་འགུལ་བ་འཇུ་བཟུང་བྱེད་འགོ་ཚུགས་འདུག
དེ་ཡང་ཧོང་ཀོང་དུ་ལྟེ་གནས་བཙན་བཟུང་གིས་རྔམ་སྟོན་བྱེད་སྒོའི་ལས་འགུལ་སྤེལ་ནས་ཉིན་གྲངས་༧༥ཕྱིན་པ་དང་། ཧོང་ཀོང་ཉེན་རྟོག་པས་ཧོང་ཀོང་གི་ས་གནས་ཀྱི་དགོང་དྲོའི་ཚོུད་བཞི་པ་ནས་འགོ་བཙུགས་གྲོང་ཁྱེར་ལྟེ་གནས་སུ་མུ་མཐུད་བཟུང་སྡོད་བྱེད་བཞིན་པའི་རྔམ་སྟོན་ཁྲོམ་སྐོར་བ་ཚོ་འཇུ་བཟུང་བྱེད་བཞིན་ཡོད་པ་རེད། ད་ལྟའི་མཚམས་བར་ལྟེ་གནས་བཙན་བཟུང་གིས་མུ་མཐུད་སྡོད་མཁན་ཁོངས་སུ་སློབ་ཕྲུག་མཉམ་འབྲེལ་དང་སློབ་དམངས་ཀྱི་བསམ་བློའི་རླབས་རྒྱུན་ཞེས་པའི་ཚོགས་མི་ཕུད་ད་དུང་དམངས་གཙོ་དར་སྤེལ་ཤོག་ཁག་གི་གྲོས་ཚོགས་འཐུས་མ་ཁག་ཅིག བརྒྱུད་ལམ་གྱི་འགན་འཛིན་ལའེ་ཀྲི་དབྱིན། དམངས་གཙོ་ཚོགས་པ་གསར་གཏོད་མཁན་ལི་ཀྲུའུ་མིའང་སོགས་ཡོད་པ་རེད། ཉེན་རྟོག་པས་འཇུ་བཟུང་འགོ་བཙུགས་རྗེས་རྔམ་སྟོན་མཁན་ཚོ་རེ་རེ་བཞིན་ལག་ལྕགས་རྒྱབ་ནས་བཟུང་ཁྲིད་བྱས་ཡོད་པ་རེད། ཉེན་རྟོག་པས་བཟུང་ཁྲིད་བྱེད་སྐབས་རྔམ་སྟོན་མཁན་ཚོས་ད་དུང་། ང་ལ་དངོས་འབྲེལ་གྱི་འོས་འདེམས་ཤིག་དགོས་ཀྱི་ཡོད། རྒྱ་ནག་མི་དམངས་འཐུས་ཚོགས་ཀྱིས་ཧོང་ཀོང་གི་ཡོངས་ཁྱབ་འོས་འདེམས་བྱེད་ཕྱོགས་སྐོར་ལ་བརྒྱད་པའི་སོ་གཅིག་གི་ཐག་གཅོད་ཕྱིར་བསྡུ་བྱེད་དགོས་ཞེས་པ་སོགས་ཀྱི་འབོད་ཚིག་སྒྲོག་གིན་ཡོད་པ་རེད། དགོང་མོ་ཚོུད་དང་པོ་ཙམ་ལ་ཉེན་རྟོག་པས་བཙན་བཟུང་བྱེད་སའི་ལྟེ་གནས་ཁུལ་གྱི་གཞུང་ལམ་ཐོག་རྔམ་སྟོན་མཁན་ཚོ་སྐར་མ་སུམ་ཅུའི་ནང་ཚུད་སྒྲིག་འཛུགས་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་དགོས་པ་བཀོད་ཁྱབ་བཏང་བ་དང་འབྲེལ་ཉེན་རྟོག་པས་རྔམ་སྟོན་མཁན་ཚོར་ས་ཁུལ་དེ་དག་ནས་ལམ་སེང་ཕྱིར་འཐེན་བྱེད་དགོས་པ་དང་། དེ་ལྟར་མ་བྱས་ན་ལམ་སེང་འཇུ་བཟུང་བྱེད་རྒྱུ་ཡིན་པའི་ཐ་ཚིག་བཏང་བ་སོགས་ཅིན་ཀྲུང་ཁུལ་དུ་དེ་རིང་གཙང་སེལ་བྱས་ཚར་བ་བྱེད་རྒྱུར་ཉེན་རྟོག་པས་ནང་ཁུལ་དུ་ཚོད་དཔག་བྱས་ལུགས་བཀོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎