གཞུང་དང་ལྷན་དུ་གྲོས་མོལ་བསྐྱར་དུ་ཡོང་རྒྱུའི་རེ་བ་མེད་པ།


2014.10.22
ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་སྐབས། ༢༠༡༤།༡༠།༡༧ ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་སྐབས། ༢༠༡༤།༡༠།༡༧
AFP

ཧོང་ཀོང་གཞུང་གིས་བཟང་ཕྱོགས་ལ་འབད་བརྩོན་མ་བྱས་པའི་རྐྱེན་གྲོས་མོལ་བསྐྱར་དུ་ཡོང་རྒྱུའི་རེ་བ་མེད་པ་བཤད་འདུག
དེ་ཡང་ཕྱི་ཟླ་བཅུ་པའི་ཚེས་༢༡ རེས་གཟའ་མིག་དམར་ཉིན་གྱི་དགོང་དྲོ་ཧོང་ཀོང་ས་གནས་ཀྱི་དཔོན་རིགས་དང་སློབ་ཕྲུག་གི་འགོ་ཁྲིད་བར་ཕན་ཚུན་དངོས་སུ་ངོ་ཐུག་བྱས་ཏེ་གྲོས་མོལ་བྱས་པའི་རྗེས་རྒྱ་ནག་གཞུང་ལ་བློ་ཁ་གཏོད་མཁན་གྱི་ཧོང་ཀོང་གི་དཔོན་རིགས་དེ་དག་གིས་མ་འོངས་པར་སློབ་ཕྲུག་གི་འགོ་ཁྲིད་ལྷན་དུ་གྲོས་མོལ་གསར་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་ཚུལ་བཤད་པ་དེར། དེ་རིང་སློབ་ཕྲུག་གི་འགོ་ཁྲིད་ནས་ཧོང་ཀོང་གཞུང་ཕྱོགས་ནས་གྲོས་མོལ་སྐབས་བཟང་ཕྱོགས་ཀྱི་འགྲིག་འཇག་ཡོང་ཐབས་འབད་བརྩོན་མ་བྱས་པའི་རྐྱེན་བསྐྱར་དུ་གཞུང་དང་གྲོས་མོལ་གྱི་ལས་དོན་ནང་ཞུགས་རྒྱུའི་འདུན་པ་མེད་པའི་སྐོར་གསུངས་ཡོད་པ་རེད།
ད་རེས་རེས་གཟའ་མིག་དམར་ཉིན་ས་གནས་གཞུང་གི་དཔོན་རིགས་དང་སློབ་ཕྲུག་གི་འགོ་ཁྲིད་ཕན་ཚུན་གྲོས་མོལ་བྱུང་བ་དེའི་ནང་གནས་ཚུལ་ཕྲན་བུ་ཡར་རྒྱས་ཀྱི་རྣམ་པ་ཐོན་ཡོད་ནའང་སློབ་ཕྲུག་གི་ངོས་ནས། ས་གནས་གཞུང་ཕྱོགས་ནས་གྲོས་མོལ་གནང་བའི་སྐབས་སློབ་ཕྲུག་དང་འགྲིག་འཇག་ཡོང་ཐབས་བྱ་རྒྱུའི་འདུན་པ་ཡོད་པའི་གནས་ཚུལ་ཁ་གསལ་མེད་པའི་སྐྱོན་བརྗོད་བྱས་པའི་ཁར་། གལ་ཏེ་མ་འོངས་པར་གཞུང་ཕྱོགས་ནས་གྲོས་མོལ་བྱ་རྒྱུའི་རེ་བ་གནང་གི་ཡོད་ཚེ་གཞུང་ཕྱོགས་ནས་དཀའ་ངལ་དེ་སེལ་ཐབས་ཀྱི་ཐབས་ལམ་ཡོད་པའི་ཐོག་ནས་གྲོས་མོལ་གནང་བར་ཕེབས་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

2014-10-21
ཧོང་ཀོང་གི་སྤྱི་ཁྱབ་པ་Leung Chun-yingགིས་ཐེངས་དང་པོར་དམངས་གཙོའི་ལས་འགུལ་བ་ཚོའི་རེ་འདུན་ལ་རེ་བ་ཡོད་ཚུལ་བཤད་འདུག
དེ་ཡང་ཧོང་ཀོང་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་སློབ་ཕྲུག་གི་འགོ་ཁྲིད་དང་གཞུང་གི་འགོ་ཁྲིད་ཕན་ཚུན་རེས་གཟའ་མིག་དམར་ཉིན་གྲོས་མོལ་བྱ་རྒྱུའི་དུས་ཚོད་གཏན་འཁེལ་བཟོས་ཡོད་པ་ལྟར། ཧོང་ཀོང་གི་སྤྱི་ཁྱབ་པ་Leung Chun-yingགིས། གྲོས་མོལ་གྱི་དུས་ཚོད་ཟིན་པར་ཚོུད་འགའ་ཤས་ལས་མེད་པའི་གོང་དེར་གསར་འགོད་པ་ཉུང་ཤས་ཤིག་འདུ་འཛོམས་ཐོག་ལ། ཧོང་ཀོང་གི་སྤྱི་ཁྱབ་པའི་འོས་མི་བཏོན་མཁན་གྱི་ཚོགས་ཆུང་དེར་དམངས་གཙོ་ལྡན་པ་བཟོ་རྒྱུའི་གོ་སྐབས་ཡོད་པ་དང་། མི་དམངས་ཀྱི་འདུན་པ་གྲུབ་རྒྱུར་གྲོས་མོལ་བྱ་ཡུལ་གྱི་ཁོར་ཡུག་ཡོད་པའི་སྐོར་གསུངས་ཡོད་པ་རེད།
བར་ལམ་ཧོང་ཀོང་དམངས་གཙོ་དམངས་གཙོ་ཚོགས་པས་འགོ་ཁྲིད་དེ་ཧོང་ཀོང་གི་མ་འོངས་པའི་༢༠༡༧ ལོའི་འགོ་ཁྲིད་དང་། གྲོས་ཚོགས་ཀྱི་འཐུས་མི། ས་གནས་གལ་ཆེ་ཁག་གི་འགོ་ཁྲིད་རྣམས་མི་དམངས་ཀྱིས་འོས་འདེམས་བྱ་རྒྱུ་སོགས་དམངས་གཙོ་ཆ་ཚང་བ་དགོས་པའི་དགོས་འདུན་བཏོན་པའི་ཁར་མི་དམངས་ཁྲོད་འོས་ཤོག་འཕེན་པའི་གནས་ཚུལ་བྱུང་ཡོད་ཀྱང་ཉེ་ཆར་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ནས་ཧོང་ཀོང་མི་དམངས་ཀྱིས་མ་འོངས་པའི་འགོ་ཁྲིད་འོས་བསྡུ་བྱ་ཆོག་ཀྱང་འོས་མི་རྣམས་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་ཡོད་པའི་ཚོགས་ཆུང་ནས་སྔར་ལམ་བཞིན་འདེམས་དགོས་པའི་ཐག་གཅོད་གསལ་བསྒྲགས་བྱས་པའི་རྗེས་ཧོང་ཀོང་གི་མཐོ་རིམ་སློབ་མ་ཚོས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོས་འགོ་བཙུགས་པ་མ་ཟད། ཁོང་ཚོས་ད་བར་གཟའ་འཁོར་གསུམ་ལྷག་ཙམ་རིང་ཧོང་ཀོང་གི་གནད་ཡོད་རྒྱ་ལམ་ཁག་བཀག་ཏེ་རྒྱ་ནག་གཞུང་གི་ཐག་གཅོད་ཕྱིར་འཐེན་བྱ་དགོས་པ་དང་ཧོང་ཀོང་སྤྱི་ཁྱབ་པ་དགོངས་ཞུ་བྱ་དགོས་པའི་དགོས་འདུན་བཏོན་ཏེ་ངོ་རྒོལ་བྱེད་བཞིན་ཡོད་པ་དང། དེ་རིང་ཧོང་ཀོང་སྤྱི་ཁྱབ་པ་གཙོས་པའི་གཞུང་གི་དཔོན་རིགས་ཁག་ཅིག་དང་སློབ་ཕྲུག་གི་འགོ་ཁྲིད་དབར་གྱི་གྲོས་མོལ་དེ་ཧ་ཅང་གི་དཀའ་ཚེགས་ཅན་ཞིག་དང་དངོས་ཡོད་ཀྱི་གྲུབ་འབྲས་ཤིག་སོན་རྒྱུའི་རེ་བ་ཆེན་པོ་མེད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎