ཧོང་ཀོང་དུ་བརྙན་འཕྲིན་ཐོག་ཡོངས་ཁྱབ་རྩོད་གླེང༌།

ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འགན་འཛིན་དང་ཧོང་ཀོང་དམངས་གཙོ་ཚོགས་པའི་དབུ་ཁྲིད་དབར་རྩོད་གླེང་གནང་བ།

2010.06.18

༄༅༎ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འགན་འཛིན་ཙང་དབྱིང་ཇོན་དང་ཧོང་ཀོང་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཡུའུ་རོག་དབུད་རྣམ་གཉིས་དབར་ཧོང་ཀོང་ནང་ཁྱོན་ཡོངས་ནས་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་མིན་སྐོར་སོགས་ཀྱི་ཐད་ཕྱི་ཚེས་༡༧དགོང་མོ་བརྙན་འཕྲིན་ཐོག་ཡོངས་ཁྱབ་རྩོད་གླེང་གནང་ཡོད་པ་དང་རྩོད་གླེང་སྒྲུབ་པའི་རྗེས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འགན་འཛིན་ཙང་དབྱིང་ཇོན་གྱིས་ད་རེས་ཕྱོགས་གཉིས་དབར་རྩོད་གླེང་གནང་ཡས་དེ་མི་སྒེར་གྱི་རྣམ་པའི་ཐོག་ནས་ཕན་ཚུན་དྲན་བསྡུར་བྱས་པ་ཞིག་མིན་ལུགས་དང་དེར་བརྟེན་ཁོང་གིས་ད་རེས་སུ་ལ་རྒྱལ་ཁ་ཐོབ་མིན་སོགས་ཀྱི་གནད་དོན་ཐོག་བསམ་ཞིབ་བྱེད་ཀྱི་མེད་ཅིང་ ཁོང་རང་ཉིད་ཀྱིས་ད་རེས་ཀྱི་རྩོད་གླེང་དེར་རང་ནུས་གང་ཡོད་བཏོན་ཡོད་པས་ གཙོ་བོ་རྩོད་གླེང་དེའི་མཇུག་འབྲས་ཀྱིས་ཧོང་ཀོང་མི་མང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ལུགས་གསུང་ཡོད་པ་རེད་ ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འགན་འཛིན་ཙང་དབྱིང་ཇོན་དང་ཧོང་ཀོང་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཡུའུ་རོག་དབྱིའི་ཡིས་བརྙན་འཕྲིན་ཐོག་ནས་རྩོད་གླེང་དེའི་མཇུག་འབྲས་ཐོག་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལ་རྒྱལ་ཁ་ཐོབ་པའི་རྣམ་པ་ཤུགས་ཆེ་ཐོན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་དབྱེ་ཞིབ་གནང་གི་ཡོད་པ་རེད་ལ་ དེའི་རྗེས་དམངས་ཁྲོད་དུ་བསམ་ཚུལ་བསྡུ་ལེན་བྱས་པ་ཞིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་ཧོང་ཀོང་མི་མང་ཁྲོད་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས་བཏོན་པའི་ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱ་རྒྱུའི་གྲོས་གཞིར་ངོ་རྒོལ་བྱེད་མཁན་མང་དུ་ཕྱིན་ནས་མི་འབོར་གྱི་བརྒྱ་ཆ་བཞི་བཅུ་ཙམ་ལྷག་ཟིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎