གནམ་བདེ་སྒོ་མོའི་དམངས་གཙོའི་ལས་འགུལ་བར་བཀག་འགོག

ཧོང་ཀོང་ནང་སློབ་ཕྲུག་གི་དམངས་གཙོ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་བཙུགས་གནང་མཁན་འདས་གྲོངས་སུ་གྱུར་བ།

2011.01.05

༄༅༎ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཧོང་ཀོང་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་དེ་བཞིན་ཕྱི་ལོ་༡༩༨༩ལོའི་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེར་རྒྱ་ནག་གཞུང་གིས་དྲག་སྣོན་བྱས་པའི་རྗེས་ཧོང་ཀོང་ནང་སློབ་ཕྲུག་གི་དམངས་གཙོ་ལས་འགུལ་དེར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་བཙུགས་གནང་མཁན་ སྐུ་ཞབས་སི་དུའུ་ཧའ་སྤྲན་ནད་ཀྱི་སྙུན་གཞི་བཞེས་ནས་སྨན་བཅོས་བྱས་ནས་ཕན་ནུས་མ་ཐོན་པར་གཟའ་ཉི་མའི་ཉིན་འདས་གྲོངས་སུ་ཕེབས་ཡོད་པ་དང་ ད་རེས་གཟའ་ལྷག་པའི་ཉིན་ཁོང་གི་དགའ་ཉེ་དང་ དམངས་གཙོ་དོན་གཉེར་བ་ ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མི་དང་ སྲིད་དོན་མི་སྣ་སོགས་མི་གྲངས་བརྒྱ་གྲངས་ཧོང་ཀོང་གྲོས་ཚོགས་ཀྱི་ཐང་ཆེན་དུ་མྱ་ངན་གྱི་འདུ་འཛོམས་ཚོགས་གནང་ཡོད་པ་རེད།

ཧོང་ཀོང་དམིགས་བསལ་ས་གནས་གཞུང་གིས་མྱ་ངན་གྱི་འདུ་འཛོམས་དེར་༨༩འི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་འགོ་ཁྲིད་གྲས་ལྦང་ཏན་དང་ འུར་འ་ཁད་ཤིས་སོགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ཧོང་ཀོང་ནང་འཛུལ་རྒྱུར་བཀག་སྡོམ་བྱས་ཡོད་པར་ཧོང་ཀོང་ནང་གི་མི་སྣ་མང་པོས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎