ནང་སྲིད་བཀའ་བློན་གྱིས་རྒྱ་གར་ལྷོ་ཕྱོགས་སུ་འཚམས་གཟིགས།


2017.04.17
ནང་སྲིད་བཀའ་བློན་གྱིས་རྒྱ་གར་ལྷོ་ཕྱོགས་སུ་འཚམས་གཟིགས་སྐབས། ༢༠༡༧།༤།༡༣ ནང་སྲིད་བཀའ་བློན་གྱིས་རྒྱ་གར་ལྷོ་ཕྱོགས་སུ་འཚམས་གཟིགས་སྐབས། ༢༠༡༧།༤།༡༣
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་གྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་ཀྱི་བོད་མིའི་གཞིས་ཆགས་ཁག་གི་གཞུང་འབྲེལ་འཚམས་གཟིགས་མཇུག་སྒྲིལ་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་༡༡་ནས་སྤྱི་ཚེས་༡༤་བར་གྱི་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས་ཆེས་མཐའ་མ་དེ་མོན་གྷོ་ཊའི་གཞིས་ཆགས་སུ་གནང་ཡོད་ཅིང་། ཕྱི་ཚེས་༡༥་ཉིན་Neelmangla ས་ཁུལ་ཀྱི་ISTL ཚོང་ལས་ཆུང་ཙག་གི་སྦྱོང་བརྡར་ལྟེ་གནས་ཁང་ཞེས་པར་འཚམས་གཟིགས་གནང་འདུག
བཀའ་བློན་གྱིས་མོན་གྷོ་ཊི་ཕེབས་ལམ་སུ་Chtradurga ས་གནས་སུ་རྒྱ་གར་Karnataka མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་པོ་དང་། མངའ་སྡེའི་འགོ་ཁྲིད་དམ་པ་Shri S. Nijalinggappa ལགས་ལ་དྲན་གསོའི་ཆེད་དུ་མཆོད་འབུལ་ཞུས་ཡོད་འདུག དམ་པ་ཁོང་གིས་དེ་སྔོན་༡༩༦༠་ལོའི་ནང་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་མི་ཚོར་ས་ཞིང་བགོ་སྤྲོད་བྱས་ཡོད་ཅིང་། དེ་ནི་Mysoreམངའ་སྡེའི་ནང་སྲིད་བྱུས་དེ་ལག་ལེན་མ་བསྟར་སྔོན་ལ་བྱུང་བ་ཞིག་ཡིན་པ་རེད།
དེ་མིན་ཡང་བཀའ་བློན་གྱིས་འདས་པའི་ཉི་མའི་བཞི་དེའི་ནང་། ཕྱི་ཚེས་༡༡་ཉིན་Bangalore ས་གནས་སུ་ས་སྐྱ་གོང་མ་རིན་པོ་ཆེ་དང་མཇལ་འཕྲད་ཞུས་ཏེ་ཁོང་ཐེངས་འདིའི་མཚམས་གཟིགས་ཀྱི་དམིགས་ཡུལ་དང་བཀའ་ཤག་སྐབས་༡༥་ཀྱི་སྲིད་བྱུས་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཞུས་འདུག སྤྱི་ཚེས་༡༢་ཉིན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་འབྲས་སྤུངས་བློ་གསལ་གླིང་དང་། སྒོ་མང་། ས་སྐྱ། བཀའ་བརྒྱུད་སོགས་དགོན་ཁག་སོ་སོའི་གྲྭ་བ་རྣམས་པར་གཏམ་བཤད་སྤེལ་གྲུབ་རྗེས་ས་གནས་དེའི་ནང་གི་རྒན་གསོ་ཁང་དང་། བོད་ནས་གསར་ཕེབས་ཡོང་མཁན་བོད་མི་ཚོའི་ཆེད་དུ་བརྒྱབ་བཞིན་པའི་ཁང་པ་དང་། དེ་བཞིན་རྒྱ་གར་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གིས་དཔལ་འབྱོར་མཐུན་རྐྱེན་གནང་སྟེ་བརྒྱབ་བཞིན་པའི་མགྲོན་ཁང་བཅས་ལ་གཟིགས་སྐོར་ཕེབས་ཡོད་འདུག ཕྱི་ཚེས་༡༣་ཉིན་དགའ་ལྡན་དགོན་དུ་དགའ་ལྡན་ཤར་རྩེ་དགོན་དང་། རྙིང་མ་དགོན། ས་ཆ་དགོན་པ་སོགས་ཀྱི་གྲྭ་བ་རྣམས་པར་གཏམ་བཤད་གནང་གྲུབ་རྗེས། ས་གནས་དེའི་གཞིས་ཆགས་ལས་ཁུངས་སུ་འཚམས་གཟིགས་དང་འབྲེལ་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྤྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་ཀྱི་མཇུག་སྐྱོང་བྱེད་ཕྱོགས་ཐད་ལ་བཀའ་བསྡུར་གནང་ཡོད་འདུག
ཕྱི་ཚེས་༡༤་ཉིན་Doeguling མང་ཚོགས་ཁྱོན་ཡོངས་ལ་བཀའ་ཤག་སྐབས་༡༥འི་སྲིད་བྱུས་དང་འབྲེལ་བའི་གནད་དོན་ཁག་ཅིག་ལ་ངོ་སྤྲོད་ཞུས་འདུག
བཀའ་བློན་མཆོག་སྤྱི་ཚེས་༡༦་ཉིན་Bangalore ནས་ཕྱིར་ཐོན་གྱིས་ལྡི་ལི་རུ་ཕེབས་འབྱོར་ཟིན་ཡོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎