ནང་སྲིད་བཀའ་བློན་གསར་པར་ཕེབས་བསུ།
2016.06.05

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལྷན་ཁང་གི་ནང་ད་རེས་སྐབས་༡༥་པའི་བཀའ་ཤག་གི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བསྐོ་བཞག་གནང་བའི་ནང་སྲིད་བཀའ་བློན་འཁོར་ལོ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དངོས་སུ་ལས་གནས་ཐོག་ཕེབས་པར་དགའ་བསུའི་མཇལ་དར་འབུལ་བཞེས་གནང་ཡོད་པ་རེད། དེ་ཉིན་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་ཀྱི་ལས་བྱེད་རྣམས་པ་ཚོ་མཉམ་བཞུགས་ཀྱི་ཐོག་དེ་སྔོན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ད་ཕན་བོད་མི་མང་གི་བདེ་དོན་གྱི་ཆེད་དུ་ནང་སྲིད་བཀའ་བློན་གྱི་མཚན་གནས་འགན་འཁུར་ཧུར་བརྩོན་ཆེན་པས་གནང་ནས་ལེགས་གྲུབ་བྱུང་བར་བསྔགས་བརྗོད་དང་ནང་སྲིད་བློན་བཀའ་བློན་གསར་པས་ལས་འགན་ཁག་འཁྱེར་ཕྱོགས་སོགས་ཀྱི་བཀའ་གྲོས་བྱུང་ཡོད་པ་རེད།
ནང་སྲིད་བཀའ་བློན་གསར་པ་འཁོར་ལོ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ནི་སྤྱི་ལོ་༡༩༥༤་ལོར་འཁྲུངས་ནས་ད་ཕན་བཙན་བྱོལ་དུ་ཕེབས་པ་ནས་བཟུང་བོད་གཞུང་གི་སྣེ་ལེན་དང་ནང་སྲིད་དྲུང་ཆེ།མ་སུ་རིའི་སློབ་གྲའི་དྲུང་ཆེ་སོགས་ལས་གནས་འདྲ་མིན་གྱི་ནང་བོད་གཞུང་མང་གི་སྲིད་ཞུ་མང་པོ་གནང། མྱོང་མཁན་གྱི་ལས་བྱེད་ཉམས་མྱོང་བྱས་རྗེས་ཅན་ཞིག་ཀྱང་ཡིན་པ་སོགས་ཁོང་གིས་ད་རེས་ནང་སྲིད་ཀྱི་ཕྱག་ལས་འགན་བཞེས་གནང་བ་དེ་ནི་འོས་ཤིང་འཚམས་པ་ཞིག་ཡིན་ལུགས་སོགས་ཀྱི་གནས་ཚུལ་ཐོན་བཞག།གསར་འགོད་པ་ཕྲེང་རིང་བསྟན་འཛིན་ནོར་བུ།