༧གོང་ས་མཆོག་ལྷོ་ཕྱོགས་རྗེས་ལྡི་ལིར་ཆིབས་བསྒྲུར།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༥ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ནང་པའི་ཆོས་ལུཌ་ཀྱི་བགྲོ་གླེང་ལྷན་ཚོཌ་ཞིག་གི་ཚོཌ་དགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་འདུག

2012.12.17

༄༅།    །ཐཡ་ལེན་གྲ་དང་བོད་བརྒྱུད་ནང་པའི་དགེ་འདུན་པ་དང་མཁས་པ་༥༠བརྒལ་བའི་བགྲོ་གླེང་ལྷན་ཚོཌ་དེའི་ནང་།    ཐེཡ་ལེན་གྲ་ངོས་ནས་Phrarajnyankavi ཞུ་བ་དབུས་པའི་མཁས་པ་དང་།    བོད་པའི་ངོས་ནས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་།    དགེ་བཤེས་ངག་དབང་བསམ་གཏན་ལགས། དགེ་བཤེས་ལྷག་རྡོར་ལགས།    དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་བཅས་ནས་ལྷན་བཞུགས་གནང་འདུག དེར་ཐཡ་ལེན་གྲའི་ནང་པ་༣༠༠ཆེད་བཅར་ཞུས་འདུག བགྲོ་གླེང་ལྷན་ཚོཌ་འདི་སྐོང་ཚོཌ་གནང་དོན་གཙོ་བོ་ནི།    ནང་ཆོས་ལ་དད་གུས་ཡིད་ཆེས་ཀྱི་ནུས་སྟོབས་ཆེ་རུ་གཏོང་ཐབས་དང་།    ཐཡ་ལེན་གྲ་དང་བོད་མིའི་དབར་ཕན་ཚུན་གཉིས་ཕན་ཆེད་ཀྱི་ལས་དོན་གོང་འཕེལ་དང་།    མཛའ་འབྲེལ་གོང་འཕེལ་གཏོང་ཐབས་ཆེད་ཡིན་འདུག སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༧༢ལོར་     ཐཡ་ལེན་གྲ་ནང་ཆིབས་བསྒྱུར་ཐེངས་མ་གཉིས་པ་དེ་བསྐྱངས་སྐབས་ཀྱི་གློག་བརྙན་ཞིག་གཟིཌ་འབུལ་ཞུས་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དང་པོ་ཐོག་མར་ཐཡ་ལེན་གྲའི་དགེ་འདུན་པ་ཐེ་བའི་ནང་པའི་ལྷན་ཚོཌ་དེར་མཇལ་བར་ཐུཌ་དགྱེས་ཚོར་ཆེན་པོ་བྱུང་སྐོར་གསུངས་པ་དང་སྦྲགས།    ༧མགོན་པོ་གང་ཉིད་ཐོག་མར་ཕྱི་ལོ་༡༩༦༧་ལོར་ཐེ་ཡེ་ལེན་གྲ་ནང་ཆིབས་བསྒྱུར་ཐེངས་མ་དང་པོ་བསྐྱངས་སྐབས་ཡུལ་དེའི་ནང་ནང་པའི་སྟོབས་ཤུཌ་ཧ་ཅང་ཆེན་པོ་ཡོད་པ་དེ་ཐུཌ་ལ་འཇུག་པོ་བྱུང་སྐོར་བཀའ་གནང་འདུག་ དེ་ནས་༧མགོན་པོ་གང་ཉིད་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་ཡིན་པ་དང་གལ་ཏེ་ང་ཚོས་འཛམ་གླིང་དེའི་ནང་ཞི་བདེ་མང་བ་བསྐྲུན་ཐུབ་ཚེ།    འགྲོ་བ་མིའི་རིགས་ཡོངས་ལ་ཁེ་ཕན་ཆེ་བ་ཡོད་སྟབས་དམིཌ་ཡུལ་དེ་བསྒྲུབ་རྒྱུའི་ཆེད་དུ་ང་ཚོས་ཆོས་ལུཌ་ཁོ་ན་བསམ་བློ་མ་བཏང་བར་ཆོས་ལུཌ་རིས་མེད་དང་ཡ་རབས་བཟང་སྤྱོད་ཀྱི་ཀུན་སྤྱོད་དར་འཕེལ་གཏོང་དགོས་ལ། བྱམས་བརྩེ་དང་སྙིང་རྗེས་སེམས་ལ་ཞི་བདེ་དང་སྟོབས་ཤུཌ་འཕེལ་རྒྱས་གཏོང་ཐུབ་ཀྱི་རེད།  བྱམས་བརྩེ་དང་སྙིང་རྗེ་ཕྱག་ལེན་གནང་མཁན་ཚོ་ཞི་ཞིང་འདུལ་བ་ཡོད་སྐོར་སོགས་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎