༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར།

༧གོང་ས་མཆོག་གིས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྐྱངས་པའི་ཉིན་གྲངས་གཉིས་རིང་གི་ཆོས་འབྲེལ་གྲུབ་རྗེས། དེ་རིང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་ཁ་བསྒྱུར་འདུག

2012.11.22

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་༢༢་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་དང་།    རྒྱ་གར་ལྷོ་ཕྱོགས་བཅས་སུ་བསྐྱང་རྒྱུའི་མཛད་འཆར་གྱི་ཆེད་དུ་བཞུགས་སྒར་ཕོ་བྲང་ནས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་འདུག
མཛད་འཆར་སྔོན་སྒྲིག་གནང་བ་གཞིར་བཟུང་བྱས་ན།    སོག་རིགས་དད་ལྡན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།་༧གོང་ས་མཆོག་ནས་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་ཕྱི་ཚེས་༢༤ནས་༢༧བར་ཉིན་གྲངས་བཞིའི་རིང་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་པས་མ་ཚད།་སྨན་ལྷའི་བཀའ་དབང་བཀའ་དྲིན་བསྩལ་གནང་གི་ཡོད་པ་རེད་འདུག
དེ་རྗེས་ཕྱི་ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོར་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༢༠༠༢ ནས་སྔ་རྗེས་སུ་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་སྐྱབས་འཇུག་ཡོང་བ་ཞེས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། ཕྱི་ཚེས་ ༣༠ ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་།    དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་གཉིས་སུ་སྔ་ཕྱིར་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ཐོག་ཞྭ་དམར་ལམ་རིམ་དང་ལམ་རིམ་རྣམ་གྲོལ་ལག་བཅངས་སོགས་བཀའ་ཆོས་ཉིན་གྲངས་བཅུ་ནས་བཅོ་ལྔ་བར་སྐབས་བསྟུན་གྱིས་བསྩལ་རྒྱུ་དང་། ལྷག་འཕྲོས་རྗེས་ལོར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་སེ་ར་ཐེག་ཆེན་གླིང་དུ་བསྩལ་རྒྱུ་ཡིན་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎