གྲོས་ཚོགས་སུ་ཆིབས་བསྒྱུར།


2013.09.13
༧གོང་ས་མཆོག་ནས་ལི་ཐུཝེ་ནི་ཡའི་གྲོས་ཚོགས་སུ་བཀའ་སློབ་གནང་བཞིན་པ།
༧གོང་ས་མཆོག་གི་དྲ་གནས།

༄༅།    །དེ་ཡང་ལུ་ཐུཝེ་ནི་ཡའི་གྲོས་ཚོགས་ཀྱིས་ཇི་ལྟར་གདན་ཞུ་གནང་བ་བཞིན།    ཁ་སང་ཕྱི་ཚེས་༡༢ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལི་ཐུཝེ་ནི་ཡའི་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།     དེ་ཡང་༧གོང་ས་མཆོག་གི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན།        ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལི་ཐུཝེ་ནི་ཡ་གྲོས་ཚོགས་སུ་བོད་ནང་གི་གནས་སྟོངས་སྐོར་བཀའ་སློབ་གནང་སྐབས།  དྲག་གནོན་ཇི་ཙམ་བྱས་ཀྱང་།    ངོ་རྒོལ་དེ་བས་ཆེ་རུ་འགྲོ་རྒྱུ་དང་།  ལྷག་པར་དུ་བོད་མི་མི་རབས་རྒན་པ་ལས་གཞོན་པ་ཚོ་སེམས་ཤུགས་ཆེ་བ་ལྟ་བུ་འདུག་ཅེས་བཀའ་གནང་འདུག  ༧གོང་ས་མཆོག་གིས་སྐབས་དེར་ད་དུང་།   འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་དོན་ཐོག་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་མེད་པར་བརྟེན།    ཕྱི་ལོ་༡༩༧༤ལོར་ང་ཚོས་སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་དང་ཐད་ཀར་སྐད་ཆ་བཤད་ནས་ཐབས་ཤེས་བྱ་རྒྱུ་ལས་མེད་སྟབས།   མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་ཐོབ་རྒྱུའི་དགོས་འདུན་བཏོན་ཚེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡིན་པའི་བསམ་ཚུལ་བྱུང་ནས།  དུས་དེ་ནས་བཟུང་རྒྱ་ནག་གི་ལངས་ཕྱོགས་ལ་འགྱུར་བ་སྣ་ཚོགས་ཕྱིན་ཡོད་ཀྱང་།  བོད་མི་ཚོས་ལངས་ཕྱོགས་དེ་བརྟན་པོ་བཟུང་ཡོད་ཅེས་བཀའ་གནང་འདུག   ༧གོང་ས་མཆོག་ནས་ད་དུང་།    དེང་སྐབས་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་གཙང་སེལ་བཟོ་ཆེད་འབད་བརྩོན་ཤུགས་ཆེ་བྱེད་བཞིན་པ་ནི།    བསྔགས་བརྗོད་འོས་པ་ཞིག་རེད།  རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་དང་མཐུན་པའི་ལངས་ཕྱོགས་བཟུང་རྒྱུ་དེ་ནི་ཆབ་སྲིད་ལ་འགྱུར་བ་ཞིག་ཕྱིན་པའི་མངོན་རྟགས་རེད།  དེར་བརྟེན་རྒྱ་ནག་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་རེ་བ་ཡོད་ཅེས་བཀའ་སློབ་བསྩལ་གནང་མཛད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎