༧གོང་ས་མཆོག་ཨར་ཅིན་ཀྲི་ནའི་རྒྱལ་སར་ཞབས་སོར་འཁོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚེས་༡༣ཉིན་ཨར་ཇེན་ཀྲི་ནའི་རྒྱལ་ས་སྦུའེ་ནོ་སི་ཨེ་རེསི་རུ་ཞབས་སོར་བདེ་བར་འཁོད་འདུག

2011.09.14

༄༅༎༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་མེཀ་སི་ཀོ་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཚེས་༡༣ཉིན་ཨར་ཇེན་ཀྲི་ནའི་རྒྱལ་ས་སྦུའེ་ནོ་སི་ཨེ་རེསི་རུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད་༎

དེ་ཡང་བཙན་བྱོལ་བོད་གཞུང་དྲ་གནས་ཀྱི་གནས་ཚུལ་བཀོད་དོན་གཞིགས་ན༧་གོང་ས་མཆོག་ཨར་ཇེན་ཀྲི་ནའི་རྒྱལ་སའི་གནམ་ཐང་དུ་ཞབས་གསོར་འཁོད་སྐབས་ ཡུལ་དེའི་ཕྱི་འབྲེལ་ལས་ཁུངས་ཀྱི་སྣེ་ཤན་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད་ ༧གོང་ས་མཆོག་མགྲོན་ཁང་དུ་ཞབས་སོར་འཁོད་མཚམས་གདན་ཞུའི་གོ་སྒྲིག་ཚོགས་ཆུང་ དོན་བརྒྱུད་གླིང་འབྲུག་པ་བཀའ་བརྒྱུད་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་གཙོས་ དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་མཇལ་དར་དང་སྤོས་སྣེ་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་གནང་འདུག་

༧གོང་ས་མཆོག་གིས་ཨར་ཇེན་ཀྲི་ན་མཛད་འཆར་ཁོངས་སུ་ ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་༧་ གསར་འགོད་པ་ ༢༥ ཙམ་ལ་མཇལ་ཁ་དང་ གསར་འགོད་པའི་དྲི་བར་བཀའ་ལན་མཛད་ཡོད་པ་རེད་ སྐབས་དེར་མགོན་པོ་གང་ཉིད་ ཁུལ་དེར་ཆིབས་སྒྱུར་བསྐྱངས་དོན་གཙོ་བོ་ནི་ གྲོགས་པོ་རྙིང་པ་མང་པོ་ཞིག་གིས་མགྲོན་འབོད་ཞུས་པ་དང་ཆབས་ཅིགགོང་ས་མཆོག་གི་མཛད་འགན་གཙོ་བོ་ འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཆེད་ཡིན་སྐོར་བཀའ་སྩལ་གནང་བ་མ་ཟདགསར་འགོད་པ་ཚོ་ལའང་སྤྱི་ཚོགས་ཀྱི་བདེ་དོན་གོང་འཕེལ་གཏོང་ཐབས་སུ་ ཕྱོགས་ལྷུང་མེད་པ་དྲང་བདེན་གྱི་ལམ་ནས་བཟང་སྤྱོད་དེ་དག་གོང་མཐོར་གཏོང་རྒྱུའི་འགན་ཞིག་ཡོད་པ་དྲན་སྐུལ་ཡང་མཛད་འདུག་ལ་ དེ་བཞིན་གསར་འགོད་པ་ཚོས་སྤྱི་ཚོགས་ནང་ ལྐོག་ཟས་ཀྱི་ལམ་ལུགས་ཐེར་འདོན་བྱས་ཏེ་ སྤྱི་ཚོགས་ཀྱི་བདེ་དོན་སྒྲུབ་དགོས་སྐོར་བཀའ་སྩལ་གནང་བཞག་ གསར་འགོད་ལྷན་ཚོགས་གྲོལ་མཚམས་ ཨར་ཇེན་ཊི་ནའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་པེ་རེཛ་ཨེསི་ཁི་ལྦལ་མཆོག་དང་མཇལ་འཕྲད་མཛད་པ་དང་ ཕྱོགས་མཚུངས་གོང་ས་མཆོག་གིས་ ཨར་ཇེན་ཊི་ནའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་མ་རི་ཡ་ལོའོ་ར་ལྷན་དང་མཇལ་འཕྲད་གནང་བཞག་ ཉིན་རྒྱབ་གོང་ས་མཆོག་གིས་ གཞོན་སྐྱེས་ཚོར་སློབ་གསོའི་ལམ་ནས་འཛམ་གླིང་བཟང་དུ་གཏོང་ཐབསཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་གྲངས་ ༢༠༠༠ བརྒལ་བར་བཀའ་སློབ་སྩལ་ཞིང་ དེའི་ནང་གོང་ས་མཆོག་གིས་ དུས་རབས་ ༢༡ དེ་གཞོན་སྐྱེ་ཁྱེད་ཚོའི་དུས་རབས་ཤིག་ཡིན་པ་དང་  ལྷག་པར་ལོ་ན་༣༠ སོན་པ་དང་དེ་ལས་ཆུང་བའི་ན་གཞོན་ཚོས་ དུས་རབས་ ༢༡ དེ་  ཞི་བདེ་དང་ཡར་རྒྱས འཆམ་མཐུནབརྟན་ལྷིང་བཅས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་ གཞོན་སྐྱེས་ཚོར་རག་ལུས་ཡོད་པ་དང་ ཤེས་ཡོན་ཁོ་ནས་ ནང་གི་ཞི་བདེ་བསྐྲུན་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་ལ་ ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་བསྐྲུན་པར་ གཙོ་བོ་བྱམས་བརྩེ་དང་སེམས་བཟང་བྱེད་རྒྱུ་ ཧ་ཅང་གལ་ཆེན་པོ་ཡིན་ཞེས་སོགས་ཀྱི་བཀའ་སྩལ་གནང་ཡོད་པའི་གནས་ཚུལ་ཐོན་བཞག་།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎