༧གོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཆིབས་བསྒྱུར།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག

2011.12.09

༄༅༎་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཚེས་བཅུ་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལལྦ་ཧ་ལྦེལ་མཆོག་གིས་ཆེད་བཙུགས་གནང་བའི་ཕོ་རམ་༢༠༠༠ཞེས་པའི་ཚོགས་པ་དེས་གོ་སྒྲིག་ཞུས་པའི་ཚོགས་འདུ་ཞིག་ཏུ་གདན་ཞུས་ལྟར་ཁུལ་དེར་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག མཛད་འཆར་གཞིར་བཟུང་ལྟར་ན། གནད་དོན་གླེང་མོལ་གྱི་ལྷན་ཚོགས་དེ་བཞིན་སྔ་ལོ་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཤའོ་བའོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་ཀྱང་ཁོང་ངོ་མ་གཟེངས་རྟག་བཞེས་པར་ཕེབས་མ་ཐུབ་པའི་དུས་ཚིགས་དྲན་གསོ་ཞུ་རྒྱུ་དང་ཆབས་ཅིག་ད་ལྟའི་ཨེ་ཤ་ཡའི་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྲོས་མོལ་གནང་རྒྱུ་ཡིན་འདུག ལྷན་ཚོགས་འདིའི་ཐོག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཤི་རིན་ ཨི་བ་དི་མཆོག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་ཟིན་བྲིས་བཀོད་གནང་མཁན་གཙོ་གྲས་སྐུ་ཞབས་སི་ཀྲི་ཕེན་ ཧེ་སེལ། དེ་བཞིན་ཨ་རིའི་སྦོ་སི་ཀྲོན་ནང་རྟེན་གཞི་བྱེད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དྲོག་དྲར་ཇེན་ལི་ ཡང་སོགས་གནད་ཡོད་མི་སྣ་ཁག་ཅིག་ཀྱང་མཉམ་ཞུགས་གནང་གི་ཡོད་འདུག རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་རྙོག་འཛིང་ཆེ་བའི་འཛམ་གླིང་ནང་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་རྒྱུ་དང་། དེ་བཞིན་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོངས་ཚོགས་གནང་གི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎