༧གོང་ས་མཆོག་ཨ་རིའི་མཚོ་གླིང་ཧའ་ལྦེལ་དུ་ཆིབས་བསྒྱུར་སྐོར།

༧གོང་ས་མཆོག་ཨ་རིའི་མཚོ་གླིང་ཧ་ལྦ་ཨི་ཁུལ་དུ་ཆིབས་བསྒྱུར་གྱི་མཛད་འཕྲིན་སྐྱོངས་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎

2012.03.29

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་༤པའི་ནང་ཨ་རིའི་མཚོ་གླིང་ཧ་ལྦ་ཨི་(Hawaii)ཁུལ་དུ་ཆིབས་བསྒྱུར་གྱི་མཛད་འཕྲིན་སྐྱོངས་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་གནས་ཚུལ་ནང་གསལ་ལྟར་ན་ ཧ་ལྦ་ཨི་སྤྱི་ཚོགས་ཐེབས་རྩ་དང་དེའི་འབྲེལ་ཡོད་ཀྱི་གོ་སྒྲིག་པ་གཅིག་ལྕོག་པཱེ་རི་དང་པེ་མེ་ལ་ཨོ་མི་ཏི་ཡར་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༤པའི་ཚེས་༡༤དང་༡༥བཅས་ཉིན་གཉིས་ཀྱི་རིང་ ཨ་རིའི་ཧ་ལྦ་ཨི་མཚོ་གླིང་གི་ཨོ་ཨ་ཧུ་ས་གནས་སུ་ཆིབས་བསྒྱུར་གནང་གཏན་འཁེལ་འདུག དེ་ཁུལ་གོང་ས་མཆོག་གིས་མཛད་འཆར་ནང་ཚེས་༡༤ཉིན་ཧ་ལྦ་ཨི་གཙུག་ལག་སློབ་གྲྭ་ཆེན་མོའི་སི་ཀྲེན་ཤེ་རིཕ་ཚོགས་ཁང་དུ་ཁུལ་དེའི་སློབ་གྲྭ་དང་ མཐོ་སློབ་  གཙུག་ལག་སློབ་གྲྭ་ཆེན་མོ་བཅས་ཀྱི་དགེ་ལས་སློབ་ཕྲུག་ཚོར་ནང་སེམས་ཀྱི་ཤེས་ཡོན་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་ དེ་ནས་ཚེས་༡༥ཉིན་ གོང་གསལ་ཧ་ལྦ་ཨི་གཙུག་ལག་སློབ་གྲྭ་ཆེན་མོའི་སི་ཀྲེན་ཤེ་རིཕ་ཚོགས་ཁང་ནང་ ཁུལ་དེའི་མང་ཚོགས་ལ་ Advancing Peace Through the Power of Aloha ཅེས་ཧ་ལྦ་ཨི་ཡུལ་གྱི་མཛའ་བརྩེའི་ནུས་སྟོབས་ཀྱིས་ཞི་བདེ་གོང་འཕེལ་གཏོང་ཐབས་ཞེས་པའི་སྐོར་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎