༧གོང་ས་མཆོག་ནས་མ་དྷ་ཡ་པརཱ་དེཤ་མངའ་སྡེའི་གྲོས་ཚོགས་སུ་བཀའ་སློབ་བསྩལ་རྒྱུ།


2017.03.18
༧གོང་ས་མཆོག་ནས་མ་དྷ་ཡ་པརཱ་དེཤ་མངའ་སྡེའི་གྲོས་ཚོགས་སུ་བཀའ་སློབ་བསྩལ་རྒྱུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་པོའི་ཁབ་ཏུ་བསྐོང་ཚོགས་གནང་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཉིན་གཉིས་པར་བཀའ་སློབ་སྩོལ་བཞིན་པ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་རྒྱ་གར་གྱི་སྦི་ཧར་གྱི་མངའ་སྡེའི་ནང་ཆགས་པའི་རཇ་གྷིར་རམ་རྒྱལ་པོའི་ཁབ་ནས་ཆིབས་ཐོན་གྱིས་མ་དྷ་ཡ་པརཱ་དེཤ་མངའ་སྡེའི་རྒྱལ་ས་བྷོ་པཱལ་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱལ་པོའི་ཁབ་ཏུ་བསྐོང་ཚོགས་གནང་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་བསྐྱངས་གནང་ཐོག། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་། ནང་པ་ཚོས་སངས་རྒྱས་ཀྱི་གསུང་རབས་ཁག་ལེགས་པར་ཤེས་པའི་ཐོག་ནས་ཉམས་ལེན་བྱ་དགོས་གལ་ཆེ་བའི་སྐོར་སོགས་བཀའ་སློབ་ལམ་སྟོན་ཕེབས་ཡོད་པ་རེད།  རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་འདི་ནི་རྒྱ་གར་དབུས་གཞུང་གིས་གོ་བསྒྲིགས་གནང་པ་ཞིག་ཡིན་པ་དང་། ཚོགས་འདུའི་དབུ་འབྱེད་ཐོག་རྒྱ་གར་གྱི་རིག་གཞུང་བློན་ཆེན་ མ་ཧེཤ་ཤཱར་མ་མཆོག་ཀྱང་ཆེད་ཕེབས་ཐོག་གསུང་བཤད་གནང་ཞིང་། ཁོང་གིས་རྒྱ་གར་ནི་ནང་ཆོས་སློབ་གཉེར་བྱ་ཡུལ་གཙོ་བོ་ཞིག་ཆགས་ཡོད་པ་གསུངས་པ་དང་སྦྲགས། ཡང་ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་ནང་ཆོས་སློབ་གཉེར་མཛད་ནས་འགྲོ་བ་མི་སྤྱིའི་བདེ་ཐབས་སླད་ཐུགས་བརྩོན་མཛད་ཡོད་ལ། ཁོང་གིས་ལམ་སྟོན་ལྟར་ང་ཚོས་ནང་ཆོས་ཀྱི་ཐོག་ནས་འགྲོ་བ་མིི་རིགས་སྤྱི་ལ་དོན་སྙིང་ལྡན་པའི་ཞབས་འདེགས་བསྒྲུབ་ཐབས་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཚེས་ ༡༩ ཉིན་མདྷ་ཡ་པརཱ་དེཤ་མངའ་སྡེའི་གྲོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བདེ་སྐྱིད་སྒྲུབ་ཐབས་ཀྱི་སྒྱུ་སྩལ་ཞེས་པའི་བརྗོད་གཞིའི་སྒོ་ནས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་བླང་དོར་གྱི་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། རྒྱ་གར་གྱི་དུས་བབ་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Shivraj Singh Choudan དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Sitasaran Sharma རྣམ་གཉིས་ཀྱང་ཆེད་བཅར་ཞུ་རྒྱུ་ཡིན་འདུག
ད་རེས་མདྷཡ་པརཱ་དེཤ་མངའ་སྡེའི་གྲོས་ཚོགས་ནས་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་ཐོག་ནས་མཛད་འཆར་འདི་གོ་སྒྲིག་ཞུ་བའི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་མངའ་སྡེའི་གཞུང་གི་རིག་གཞུང་ལྷན་ཁང་གི་ཁོངས་སུ་བདེ་སྐྱིད་སྤེལ་ཐབས་ཀྱི་སྡེ་ཚན་ཞིག་གསར་བཙུགས་ཞུས་ཡོད་པ་དེའི་ལས་དོན་རྒྱ་སྐྱེད་གཏོང་ཐབས་ཆེད་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག
ཡང་རྒྱ་གར་དུས་བབ་གསར་ཤོག་ལ་མངའ་སྡེའི་རིག་གཞུང་ལྷན་ཁང་གི་དྲུང་ཆེ་ Manoj Shrivastava ཡིས་ ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཞི་བདེའི་ལམ་སྟོན་པ་གཙོ་བོ་ཞིག་ཡིན་ལ། ཁོང་གིས་གཞན་ཕན་བྱ་རྒྱུ་ནི་རང་གི་མི་ཚེའི་ཉམས་ལེན་སྙིང་པོ་དེ་བྱེད་དགོས་པ་དང་། འདི་ནི་ཞི་བདེ་དང་བདེ་སྐྱིད་རྒྱུན་ཁྱོངས་ཡོང་བའི་ལམ་གཙོ་བོ་དེ་ཡིན་པ་བཀའ་གནང་གི་ཡོད་པ་ལྟར། ང་ཚོའི་ལྷན་ཁང་གིས་རྩ་འཛིན་བྱ་རྒྱུའི་ལྟ་གྲུབ་ཡང་འདི་ཡིན་པ་གསུངས་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎