“བོད་ཀྱི་དཀའ་ངལ་རིམ་པས་ཕལ་ཆེར་སེལ་ཐུབ་ཀྱི་ཡོད་པ་དང་། བོད་ལ་ཡོད་པ་ལས་ལྷག་རྒྱ་གར་ནང་བསྡད་ནས་འགྲོ་དོན་རྒྱ་ཆེ་བྱ་ཐུབ་ཀྱི་འདུག་”ཅེས་བཀའ་སྩལ་བ།

2022.06.02
“བོད་ཀྱི་དཀའ་ངལ་རིམ་པས་ཕལ་ཆེར་སེལ་ཐུབ་ཀྱི་ཡོད་པ་དང་། བོད་ལ་ཡོད་པ་ལས་ལྷག་རྒྱ་གར་ནང་བསྡད་ནས་འགྲོ་དོན་རྒྱ་ཆེ་བྱ་ཐུབ་ཀྱི་འདུག་”ཅེས་བཀའ་སྩལ་བ།
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཉིན་གཉིས་པ་སྟེ། ཕྱི་ཟླ་ ༦ པའི་ཚེས་ ༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་པ་དང་འབྲེལ། བོད་མི་ཚོ་བློ་སེམས་བདེ་བོའི་ངང་ནས་བཞུགས་ཆོག་པ་དང་། བོད་ཀྱི་དཀའ་ངལ་རིམ་པས་ཕལ་ཆེར་སེལ་ཐུབ་ཀྱི་ཡོད་པ། བོད་ཀྱི་དཀའ་ངལ་སེལ་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་ཕན་ཐོགས་འབྱུང་རྒྱུ་ཡིན་པ་བཅས་བཀའ་གནང་གི་འདུག
གཞན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རྒྱ་གར་དུ་བཞུགས་ཏེ་བོད་ན་ཡོད་པ་ལས་ལྷག་པའི་འགྲོ་དོན་རྒྱ་ཆེན་པོ་བྱེད་ཐུབ་ཀྱི་འདུག་པ་དང་། བོད་ནང་ཡོད་ན་གཅིག་སྡུད་རིང་ལུགས་འོག་བསྡད་ཡོད་པས་དེ་འདྲ་བྱེད་མི་ཐུབ་པ་རེད་ཅེས་བཀའ་གནང་གི་འདུག
༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དབང་གྲུབ་པ་དང་བསྟུན། ཁོང་གི་དམིགས་འོག་ཏུ་བོད་ནང་གི་རྒྱ་ཆེའི་མི་མང་༧རྒྱལ་བ་རིན་པོ་ཆེར་ཡིད་ཆེས་རྩེ་གཅིག་ཏུ་བྱེད་མཁན་ཚོར་ངོས་ནས་མོས་པ་བྱས་ཏེ་དབང་ཐོབ་ཡོད་པ་མ་ཟད། རྒྱ་ནག་ནང་རྒྱ་རིགས་མང་པོ་ཞིག་ནས་ཀྱང་ང་ལ་དགའ་བོ་བྱེད་ཀྱི་འདུག་པ། དེ་རིགས་ལའང་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་འཇུག་པར་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད་པ་བཀའ་གནང་གི་འདུག
ཡང་༧གོང་ས་མཆོག་གིས་སྔ་མོ་ངོས་རང་རྒྱ་ནག་ཏུ་སླེབས་པར་ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་ལོ་རྒྱུས་དེ་འདྲའང་བཤད་རྒྱུ་འདུག་པས། རྒྱ་ནག་ནི་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཆགས་བསྡད་ཡོད་པར་བརྟེན། དེའི་ནང་སངས་རྒྱས་པའི་ཆོས་ཀྱི་བག་ཆགས་ཡར་སད་ནས་བྱུང་ན་མི་མང་པོ་ལ་ཕན་ཐོགས་འབྱུང་རྒྱུ་ཡིན་པ་བཀའ་གནང་གི་འདུག་ཅིང་། ༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོ་ལ་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་འདིར།འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་འདྲ་མིན་གྱི་མི་གྲངས་སྟོང་ཕྲག་མང་པོ་བཅར་ཡོད་པ་མ་ཟད། དམིགས་བསལ་སྲོལ་རྒྱུན་ཐོག་ནང་པའི་རྒྱལ་ཁབ་ཝི་ཏི་ནམ་དང་ཨུ་རུ་སུའི་སོག་རིགས་རྒྱལ་ཕྲན་ཁག་ཅིག་བཅས་ནས། སེར་སྐྱ་མང་པོ་ཞིག་ཀྱང་ལྷན་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎