ཝིཏ་ནམ་གྱི་ནང་པའི་སློབ་དཔོན་Thich Nhat Hanh་ལགས་དགོངས་པ་རྫོགས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

2022.01.22
ཝིཏ་ནམ་གྱི་ནང་པའི་སློབ་དཔོན་Thich Nhat Hanh་ལགས་དགོངས་པ་རྫོགས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག ཝིཏ་ནམ་གྱི་ནང་པའི་སློབ་དཔོན་Thich Nhat Hanh་ལགས་དགོངས་པ་རྫོགས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
Alex Berliner/Berliner Studio/BEImages


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་གྱི་ནང་། ༸གོང་ས་མཆོག་གི་ཆོས་གྲོགས་གཅེན་པོ་Thich Nhat Hanh ལགས་དགོངས་པ་རྫོགས་པའི་གནས་ཚུལ་གསན་པར་ཐུགས་ཕམ་ཆེན་པོ་བྱུང་ཞེས་དང་། འཛམ་གླིང་སྤྱི་དང་ལྷག་པར་དུ་Vietnam དུ་ཡོད་པའི་དམ་པ་ཁོང་གི་རྗེས་འབྲང་པ་ཡོངས་ལ་ཐུགས་གསོ་ཡོད་པ་བཀའ་བསྩལ་འདུག

Condolence message.jpg
ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེའི་ནང་། དམ་པ་ཁོང་གིས། དེ་སྔ་Vietnam དམག་འཁྲུག་ལ་ཞི་བའི་ལམ་ནས་ངོ་རྒོལ་གནང་ཡོད་པ་མ་ཟད། ཁོང་གིས་སྐུ་ཞབས་Martin Luther King ལ་རྒྱབ་སྐྱོར་གནང་ཞིང་། ལྷག་པར་དུ་ཁོང་གིས་དྲན་པ་ཉེར་བཞག་དང་བྱམས་བརྩེའི་ཉམས་ལེན་གྱི་ཐོག་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཐད་གཞན་ལ་རྟག་ཏུ་སློབ་སྟོན་གནང་བར་མ་ཟད། མི་སྒེར་སོ་སོས་ནང་སེམས་ཀྱི་ཞི་བདེ་དོན་གཉེར་བྱེད་པ་དེས་འཛམ་གླིང་ནང་དོན་དམ་གྱི་ཞི་བདེ་འབྱུང་བར་ཕན་ཐོགས་ཡོད་པའི་སློབ་སྟོན་གནང་གི་ཡོད་པ་རེད། སློབ་དཔོན་དམ་པ་ཁོང་གིས་དོན་དངོས་སྐུ་ཚེ་དོན་དང་ལྡན་པའི་ཐོག་སྐྱེལ་གནང་ཡོད་པ་བཀའ་གནང་འདུག
དམ་པ་ཁོང་ལ་གུས་འདུད་ཞུ་བའི་ཐབས་ཤེས་ཡག་ཤོས་ནི་ཁོང་གི་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་མཛད་འཕྲིན་ཁག་མཇུག་སྐྱོང་ཞུ་རྒྱུ་དེ་ཡིན་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ནང་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཝིཏ་ནམ་གྱི་སློབ་དཔོན་འདས་པོ་ ཏིཀ་ནཏ་ཧན་རྣམ་གཉིས་དེ་སྔོན་མཇལ་འཕྲད་ཐེངས་འགའ་ཤས་གནང་མྱོང་ཡོད་ལ། རྣམ་པ་གཉིས་ཀས་འཛམ་གླིང་ཞི་བདེ་བསྐྲུན་པའི་ཐབས་ལམ་བཟང་ཤོས་ནི་ནང་སེམས་བརྒྱུད་འདུལ་བའི་ཐོག་ནས་ཡོང་དགོས་པའི་དགོངས་གཞི་རྩེ་མཐུན་ཡིན་པ་རེད། སློབ་དཔོན་ ཏིཀ་ནཏ་ཧན་ མཆོག་གིས་ཕྱི་ལོ་ ༡༩༨༨ ལོར་ཝིཏ་ནམ་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལོ་དེ་གའི་དབྱར་དུས་སུ་ཝིཏ་ནམ་ཚོགས་རྒྱུའི་ཝེ་སཀ་གམ་ས་ག་ཟླ་བའི་དུས་ཆེན་ཐོག་གདན་ཞུ་ཕུལ་དགོས་པའི་ཞུ་སྐུལ་ཡང་གནང་ཡོད་པ་རེད།
སློབ་དཔོན་ ཏིཀ་ནཏ་ཧན་མཆོག་གིས་ཝིཏ་ནམ་གྱི་དམག་འཁྲུག་ལ་མཐའ་ཅིག་ཏུ་ངོ་རྒོལ་གནང་པ་དང་། དམར་པོའི་ལམ་ལུགས་ལ་ངོ་རྒོལ་ཤུགས་ཆེ་གནང་པར་བརྟེན། ཁོང་ཝིཏ་ནམ་གཞུང་གིས་རང་ཡུལ་དུ་ཕྱིར་ལོག་གནང་མི་ཆོག་པ་བཟོས་སྟབས། ཁོང་གི་སྐུ་ཚེའི་དུས་ཡུན་མང་ཆེ་བ་ཨ་རི་དང་ཧྥརན་སིའི་ནང་སྐྱེལ་གནང་ཡོད་པ་རེད།
ཝིཏ་ནམ་གྱི་སློབ་དཔོན་་དམ་པ་Thich Nhat Hanh་ལགས་ནི་ནུབ་ཕྱོགས་ཡུལ་ཁག་ནང་ནང་ཆོས་ཁྱབ་སྤེལ་གནང་མཁན་ཐོག་མའི་གྲས་ཤིག་ཡིན་པ་དང་། ཁོང་གིས་ཕརེནསི་ནང་ Plum Village ཞེས་པའི་དགོན་པ་དེ་གསར་འཛུགས་གནང་ནས་དྲན་པ་ཉེར་བཞག་སྐོར་འཛམ་གླིང་གི་ཁེ་གཉེར་ལས་ཁང་ཁག་དང་། རྒྱལ་སྤྱིའི་ཐོག་ཁོང་གི་རྗེས་འཇུག་པ་རྣམས་ལ་ནང་ཆོས་འཆད་ཁྲིད་གནང་ཡོད་པ་མ་ཟད་ཁོང་གིས་འཛམ་གླིང་གི་སྐད་ཡིག་བདུན་མཁྱེན་གྱི་ཡོད་པ་དང་། ཕྱི་ལོ་ ༡༩༦༠ ལོ་རབས་ཀྱི་འགོ་སྟོད་ནང་ཁོང་གིས་ཨ་མི་རི་ཀའི་མཚན་སྙན་ཆེ་བའི་ Princeton དང་ Columbia གཙུག་ལག་སློབ་གཉེར་ཁང་ཁག་ནང་སློབ་འཁྲིད་གནང་ཡོད་པ་རེད།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎