སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་སུ་བཀའ་སློབ་བསྩལ་བ།

2021.07.15
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་སུ་བཀའ་སློབ་བསྩལ་བ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་སུ་བཀའ་སློབ་བསྩལ་བ།
དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༢༡ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་སུ་བཀའ་སློབ་བསྩལ་བ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་རང་དབང་གི་ཐོབ་ཐང་ནི་དོན་དུ་བསམ་བློའི་རང་དབང་གི་ཐོབ་ཐང་ཡིན་པ་དང་། ཆོས་ལུགས་བེད་སྤྱོད་ཀྱིས་དམག་འཁྲུག་ལ་སོགས་པ་གཞན་ལ་གནོད་པའི་ལས་དེ་དག་མཚམས་འཇོག་དགོས་པ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཉིན་གྲངས་གསུམ་རིང་ཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག་བརྙན་འཕྲིན་བརྒྱུད་བསྩལ་བའི་གསུང་འཕྲིན་ནང་བཀའ་གནང་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་མི་འདྲ་བ་དེ་དག་དབར་ལྟ་གྲུབ་མི་འདྲ་བའི་ཁྱད་པར་ཡོད་ཀྱང་བྱམས་བརྩེ་དང་ཕན་སེམས། དྲང་བདེན་དགོས་པའི་བསླབ་བྱ་ཁག་ནི་ཆོས་ལུགས་ཚང་མའི་ནང་གཅིག་འགྱུར་ཡིན་པ་བཀའ་གནང་ཞིང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཉམས་ལེན་བྱེད་མཁན་དང་མི་བྱེད་མཁན་ཚང་མས་འཛམ་གླིང་ནང་གི་མི་ཐེར་འབུམ་བདུན་ལྷག་ཡོད་པ་དེ་དག་ལ་གཅིག་འགྱུར་གྱི་འདུ་ཤེས་ལྡན་པའི་བློའི་ཐོག་ནས་ཕན་ཚུན་གུས་བརྩི་དང་ཕན་རོགས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་པ་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་འགྲོ་བ་མིའི་ལོ་རྒྱུས་ནང་མི་བསད་ཁྲག་སྦྱོར་དང་ལྷག་པར་དུ་ཆོས་ལུགས་ཀྱི་མིང་གི་ཐོག་ནས་དམག་འཁྲུག་ལ་སོགས་པའི་བྱས་ཉེས་ཇི་སྙེད་ཅིག་བྱུང་ཡོད་པ་དེ་དག་བསྐྱར་བཟློས་མི་ཡོང་བར་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གི་མི་ཚོས་ཆོས་ལུགས་ཡོངས་རྫོགས་མཐུན་བསྒྲིལ་དང་མཉམ་གནས་ཡོང་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་པ་ནི་ད་ལྟའི་དུས་རབས་ཀྱི་མི་ཚོའི་ལས་འགན་ཡིན་པ་བཀའ་གནང་འདུག

རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎