༸གོང་ས་མཆོག་ནས་རྒྱ་གར་གཞུང་མང་ལ་བསྔགས་བརྗོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱིས་བོད་མི་ཚོར་རྒྱབ་སྐྱོར་ཧ་ཅང་རྒྱ་ཆེན་པོ་གནང་ཡོད་པའི་སྐོར་བཀའ་གནང་འདུག

2009.12.18

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱིས་བོད་མི་ཚོར་རྒྱབ་སྐྱོར་ཧ་ཅང་རྒྱ་ཆེན་པོ་གནང་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད་

དེ་ཡང་ཕྱི་ཚེས་བཅོ་བརྒྱད་ཉིན་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་འཁོད་གསལ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གཞུང་ནས་བོད་མི་ཚོར་རྒྱབ་སྐྱོར་ཧ་ཅང་རྒྱ་ཆེན་པོ་གནང་ཡོད་པ་མ་ཟད་ལྷག་པར་དུ་དེང་དུས་ཤེས་ཡོན་སློབ་སྦྱོང་ཐད་རོགས་རམ་རྒྱབ་སྐྱོར་དེ་བས་རྒྱ་ཆེན་པོ་གནང་ཡོད་པར་བསྔགས་བརྗོད་ཞུས་གནང་ཡོད་པ་རེད་

༸གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་ཧའེ་རྡ་ར་སྦརྡ་ནང་གསར་འགོད་པར་གོང་ཞུས་བཀའ་མོལ་དེ་གནང་ཡོད་པ་དང་༸གོང་ས་མཆོག་ནས་ རྒྱ་གར་གཞུང་གིས་འདས་པའི་ལོ་ངོ་ལྔ་བཅུའི་རིང་བཙན་བྱོལ་བོད་མི་ཚོར་རོགས་རམ་ཤུགས་ཆེ་གནང་ཡོད་པ་དང་ལྷག་པར་དུ་རྒྱ་གར་གྱིས་བོད་མི་ཚོར་དམིགས་བསལ་དེང་དུས་ཤེས་ཡོན་སློབ་གསོའི་ཐོག་རོགས་རམ་གནང་བའི་ཐོག་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་པ་བཀའ་བསྩལ་ཡོད་འདུག ༸གོང་ས་མཆོག་ནས་དེང་སྐབས་རྒྱ་གར་མི་རིགས་དང་ལྷག་པར་དུ་ལ་དག་ནས་ཡིན་པའི་རྒྱ་གར་གྱི་མི་སེར་བོད་པའི་དགོན་སྡེ་ཁག་ནང་མཉམ་བཞུགས་ཀྱིས་ནང་ཆོས་ཤེས་ཡོན་སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐོར་བཀའ་བསྩལ་འདུག  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཀར་ན་ཊ་ཀ་མངའ་སྡེའི་གྲང་ཁྱེར་གུལ་སྦར་ག་དུ་ཆིབས་བསྒྱུར་གྱིས་ས་ཁུལ་དེའི་ནང་གི་ནང་པའི་དགོན་པ་ཞིག་ནང་ནང་ཆོས་དང་འབྲེལ་བའི་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎