༧གོང་ས་མཆོག་གི་ཇར་མི་ནིའི་ནང་མཛད་འཕྲིན།

༧གོང་ས་མཆོག་ཇར་མི་ནིའི་ནང་ཧེ་སེ་མངའ་སྡེའི་གྲོས་ཚོགས་སུ་ཆིབས་སྒྱུར་གནང་སྐབས་ལམ་དུ་ཇར་མན་དད་ལྡན་མི་མང་ཚོསདགའ་བསུ་ཞུས།

2011.08.24

༄༅།།སྤྱི་ལོ་༢༠༡༡ ཟླ་ ༨ ཚེས་ ༢༣ ཉིན་རྒྱབ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཇར་མི་ནིའི་ནང་ཧེ་སེ་མངའ་སྡེའི་གྲོས་ཚོགས་སུ་ཆིབས་སྒྱུར་གནང་སྐབས་ལམ་དུའང་ཇར་མན་དད་ལྡན་མི་མང་བརྒྱ་ཕྲག་བརྒལ་བས་དགའ་བསུ་ཡོད་པ་རེད་ དེ་རྗེས་༧་གོང་ས་མཆོིག་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་གྲལ་དུ་༧ཞབས་སོར་འཁོད་མཚམས་ཧེ་སེ་མངའ་སྡེའི་གྲོས་ཚོགས་ཀྱི་སྲིད་སྐྱོང་སྐུ་ཞབས་ནོར་སྦཊ་ཀཊ་མན་མཆོག་གིས་༧གོང་ས་མཆོག་ལ་ཕེབས་བསུའི་འཚམས་འདྲི་གཟབ་རྒྱས་ཞུས་ཡོད།

གོང་ས་མཆོག་གིས་གྲོས་ཚོགས་ནང་བཀའ་སྩལ་བར་ཧེ་སེ་མངའ་སྡེའི་གྲོས་ཚོགས་ནས་བོད་མི་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཧེ་སེའི་མི་མང་ཚོ་དང་བོད་མི་ཚོའི་དབར་དམིགས་བསལ་མཛའ་བརྩེའི་འབྲེལ་བ་ཡོད་པ་དེ་རྒྱུན་མཐུད་གནས་རྒྱུ་གལ་ཆེ་ཡིན་སྐོར་བཀའ་གནང་ཡོད་པ་རེད།

དེ་བཞིན་གོང་ས་མཆོག་གིས་ཆབ་སྲིད་ནང་བུད་མེད་ཀྱི་དབུ་ཁྲིད་མང་ཙམ་ཐོན་ཐུབ་ཚེ་སྤྱི་ཚོགས་ལ་ཕན་འབྲས་ཆེ་བ་ཡོད་པས་དེ་ལྟར་འབད་བརྩོན་བྱེད་རྒྱུ་གལ་ཆེ་ཡིན་པ་དང་། སྤྱིར་སྐྱེས་སྟོབས་ཀྱི་ཆ་ནས་སྐྱེས་པ་ལས་བུད་མེད་ལ་བྱམས་བརྩེའི་ནུས་པ་འདོན་རྒྱུའི་ཆ་རྐྱེན་མང་བ་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་གནང་ཡོད་པ་རེད།

དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ལྔ་ཙམ་ནས་ཕེབས་པའི་རྒྱ་རིགས་མཁས་དབང་དང་གསར་འགོད་པ། མང་གཙོ་དོན་གཉེར་བ། དེ་བཞིན་སོག་རིགས་དང་ཨུ་གུར་མི་རིགས་བཅས་ཁྱོན་མི་གྲངས་ ༧༠ ཙམ་ལ་མཇལ་ཁ་དང་ཁོང་རྣམ་དང་ཐུག་འཕྲད་བྱུང་བར་༧མགོན་པོ་གང་ཉིད་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང། རྒྱ་རིགས་ཆོས་གྲོགས་ཕོ་མོ་ཚོ་དང་ཐུག་འཕྲད་བྱེད་རྒྱུ་དེ་བོད་མི་དང་རྒྱ་མི་རིགས་གཉིས་དབར་གོ་བརྡ་མ་འཕྲོད་པའི་གནད་དོན་རྣམས་ཕན་ཚུན་གསལ་བཤད་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པར་བརྟེན་ཐུག་འཕྲད་དེ་རིགས་ཧ་ཅང་གལ་ཆེ་ཡིན་པ་དང་། རྒྱ་ནག་ནང་གྲངས་ཉུང་མི་རིགས་མང་པོ་ཡོད་པར་བརྟེན་གྲངས་ཉུང་མི་རིགས་ཕན་ཚུན་དབར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་པ་ལས་དྲག་གནོན་བྱས་ཚེ་དཀའ་ངལ་འཕར་མ་བཟོ་རྒྱུ་ཡིན།  འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་པར་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་ངོས་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད།  བོད་ཀྱི་གནད་དོན་ཐོག་བཀའ་སློབ་སྩོལ་སྐབས། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་ཆོད་སེམས་ཡོད་པའི་རྣམ་པ་གང་ཡང་བཏོན་གྱི་མེད་པ་དང་། ང་ཚོས་རང་བཙན་མ་རྩོད་པར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རྩོད་ཀྱི་ཡོད། དེར་བརྟེན་རྒྱ་ནག་སྐམ་སའི་ནང་ཡོད་པའི་རྒྱ་རིགས་ཚོས་དངོས་ཡོད་གནས་ཚུལ་དེ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་། ཅེས་སོགས་ཀྱི་བཀའ་སློབ་དང་མཇལ་ཁ་བསྩལ་ཡོད་པ་བཅས།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎