༧གོང་ས་མཆོག་ནས་ཝི་ཧར་དང་ཨ་སམ་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་མཛད་ཡོད་པ།
2017.09.04
༄༅། །རྩ་བའི་འདི་ལོ་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་ཆར་ཞོད་ཀྱིས་རྐྱེན་པས་ཆུ་ལོག་སོགས་ཀྱི་གོད་ཆག་གི་དཀའ་ངལ་ཅི་ཆེ་བྱུང་དང་བྱུང་བཞིན་པའི་ཐོག་རྒྱ་གར་ནང་དུའང་ཆར་ཞོད་ཀྱི་རྐྱེན་པས་ས་ཁུལ་མང་པོའི་ནང་ཆཪ་ཆུས་རྐྱེན་པས་ཆུ་ལོག་དང་ས་རུད་སོགས། རང་བྱུང་གོད་ཆག་གི་འོག་ས་ཁུལ་དེ་ཚོའི་གནས་སྡོད་བྱེད་མཁན་མི་མང་ཚོའི་ཚེ་སྲོག་དང་སྡོད་ཁྱིམ་དཔལ་འབྱོར་མཁར་དངོས་སོགས་པར་གནོད་འཚེ་ཤུགས་ཆེ་ཕོག་པའི་གནས་ཚུལ་ཐོན་ཡོད་པ་རེད། རྒྱ་གར་བྱང་ཕྱོགས་བྷི་ཧཱར་ Bihar དང་ཨ་སཱམ་ Assam མངའ་སྡེའི་ནང་ཆུ་རུད་ཀྱི་གོད་ཆག་འོག་མི་མང་རྣམས་དཀའ་སྡུག་ཧ་ཅང་ཆེན་པར་གདོང་ལེན་བྱས་དང་བྱེད་མུས་ཡིན་པར་བརྟེན། བོད་མིའི་དབུ་འཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་དང་Shri Nitish Kumar དང་། ཨ་སཱམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས།ས་བྷ་ནནྡཱ་སོ་ནོ་ཝལ་ Shri Sarbananda Sonowal རྣམ་གཉིས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་གནང་ཡོད་པ་དང་། ༧གོང་ས་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་ནང་གོད་ཆག་འོག་ཚེ་སྲོག་ཤོར་བ་རྣམས་དང་སྡོད་ཁྱིམ་སོགས་འཇིག་སྐྱོན་གནོད་འཚེ་ཕོག་པར་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་ལུགས་དང་ཤུལ་ལུས་ནང་མི་སྤུན་མཆེད་སོགས་ལ་ཐུགས་གསོའི་འཚམས་འཕྲིན་སྩལ་གནང་བ་དང་ཕྱོགས་མཚུངས་ས་ཁུལ་སོ་སོའི་ནང་ཛ་དྲག་ངལ་སེལ་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་བསྔགས་བརྗོད་མཛད་པ་མ་ཟད། དགའ་ལྡན་ཕོ་བྲང་ཐེབས་རྩ་ཁང་བརྒྱུད་ངལ་སེལ་རོགས་དངུལ་ཕྲན་བུ་གསོལ་སྩལ་གནང་ཡོད་པ་རེད།
རྩ་བའི་འདས་པའི་ཚོུད་༢༤་རིང་རྒྱ་གར་ནུབ་བརྒྱུད་West Madhya Pradesh ཁུལ་གྱི་ས་གནས་Rayalaseema དང་Andhra Pradesh,Karnataka དེ་བཞིན་རྒྱ་གར་བྱང་ཤར་མངའ་ཁུལ་ཨ་སམ་Maghalaya འབྲས་ལྗོངས།་Arunachal Pradesh སོགས་རྒྱ་གར་གྱི་མངའ་ཁུལ་མང་པོའི་ནང་ཆར་ཞོད་ཤུགས་ཆེ་བབས་པའི་རྐྱེན་གྱིས་ཆུ་ལོག་གི་གོད་ཆག་དཀའ་ངལ་ཅི་ཆེར་གདོང་ལེན་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་བཞག།
གསར་འགོད་པ་བསྟན་འཛིན་ནོར་བུ།