སེམས་ཁམས་རིག་པའི་སྐོར་གྱི་མཁས་པའི་བགྲོ་གླེང༌།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཚན་རིག་མཁས་དབང་ཁག་ཅིག་ལྷན་དུ་སེམས་ཁམས་རིག་པའི་སྐོར་བགྲོ་གླེང་གནང་ཡོད་འདུག

2009.12.04

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཚན་རིག་མཁས་དབང་ཁག་ཅིག་ལྷན་དུ་སེམས་ཁམས་རིག་པའི་སྐོར་བགྲོ་གླེང་གནང་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་ས་རེས་གཟའ་ཕུར་བུའི་ཉིན་ཨོ་སེ་ཀྲེ་ལི་ཡའི་སིདྲ་ནི་གྲོང་ཁྱེར་ནང་འཛམ་གླིང་ནང་ནས་སེམས་དང་ཀླད་ཁམས་རིག་པའི་ཐོག་མཁས་དབང་ཚན་རིག་པ་གསུམ་དང་ལྷན་དུ་སེམས་ཀྱི་ཚན་རིག་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་ནང་ཆོས་དང་དེང་དུས་ཀྱི་ཚན་རིག་གཉིས་དབར་མིའི་བསམ་བློའི་འཁྱེར་གསོ་དང་སེམས་བདེ་དང་མི་བདེའི་རྣམ་སྤྱོད་བཅས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་འདུག། ༸གོང་ས་མཆོག་གིས། བོད་པའི་གོམས་སྲོལ་ཐོག་ནས་བཤད་ན་སེམས་མི་སྐྱིད་པ་ཡོང་རྒྱུར་རྒྱུ་རྐྱེན་འདྲ་མིན་དང་གནས་སྟངས་འདྲ་མིན་གྱི་ཐོག་ནས་བལྟ་སྟངས་མི་འདྲ་བ་ཡོད་པ་ལྟར་དེར་གཞིགས་པས་དཀའ་རྙོག་སེལ་ཐབས་ཡོད་རེད་ཅེས་གསུངས་འདུག

དེ་དང་ཕྱོགས་མཚུངས་ཚན་རིག་པ་ཚོས་རང་རང་སོ་སོའི་དཔྱད་ཞིབ་ཀྱི་ཐོག་ནས་སེམས་ཀྱི་བདེ་སྡུག་གི་མྱོང་ཚོར་སྐོར་གསུངས་ཡོད་པ་རེད།

ཁ་ས་ཉིན་རྒྱབ་༧གོང་ས་མཆོག་གིས། མང་ཚོགས་སྟོང་ཕྲག་བདུན་ལྷག་ཙམ་གྱི་འདུ་འཛོམས་སུ་ང་ཚོའི་མ་འོངས་པའི་འགན་སུར་ཡོད་དམ་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་ཡོད་པ་དང་། གསུངས་བཤད་གནང་བའི་ནང་དོན་གཙོ་བོར་བྱམས་བརྩེ་དང་། སྙིང་རྗེའི་ཀུན་ནས་བསླང་ཏེ་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་བྱེད་དགོས་པ་དེ་དག་བརྒྱུད་ནས་སོ་སོའི་མི་ཚེ་དོན་དང་ལྡན་པ་ཞིག་དང་སྤྱི་ཚོགས་ལ་ཕན་པ་ཞིག་ཡོང་གི་རེད་ཅེས་བཀའ་གནང་འདུག། མང་ཚོགས་ནས་བཅར་འདྲི་ཁག་ཅིག་ཞུས་པའི་བཀའ་ལན་དུ་༧གོང་ས་མཆོག་གིས། མི་ཚེའི་ནང་སོ་སོར་དཀའ་ངལ་འཕྲད་པའི་སྐབས་གདོང་ལེན་བྱེད་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་པ་དང་། དེ་བཞིན་བོད་ཀྱི་གནས་སྟངས་སྐོར་ལ་༧གོང་ས་མཆོག་གིས། དེང་སང་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་རྟོག་ཞིབ་སླད་བོད་ནང་བསྐྱོད་ནས་རྟོག་ཞིབ་བྱེད་དགོས་པའི་སྐོར་གསུངས་འདུག། ལྷག་པར་དུ་ཁ་ས་ཨོ་སེ་ཀྲེ་ལི་ཡའི་ཕྱོགས་འགལ་གུ་ཡངས་ཚོགས་པའི་ཚོགས་གཙོ་གསར་པ་སྐུ་ཞབས་ཀྲོ་ནི་ཨེ་བོདྲ་མཆོག་ནས་༧གོང་ས་མཆོག་མཇལ་འཕྲད་ཞུས་འདུག་ལ་ཁོང་གིས་མུ་མཐུད་ནས་ཨོ་སེ་ཀྲེ་ལི་ཡའི་ངོས་ནས་བོད་མི་ཚོར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎