སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་Mike Johnsonལགས་སུ་འཚམས་འདྲིའི་བཀའ་ཡིག་བསྩལ་གནང་མཛད་ཡོད་པ།

2023.10.27
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་Mike Johnsonལགས་སུ་འཚམས་འདྲིའི་བཀའ་ཡིག་བསྩལ་གནང་མཛད་ཡོད་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་Mike Johnsonལགས་སུ་འཚམས་འདྲིའི་བཀའ་ཡིག་བསྩལ་གནང་མཛད་ཡོད་པ།
Photo: RFA

 བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༡༠པའི་ཚེས་༢༦ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་Mike Johnsonལགས་བདམས་ཐོན་བྱུང་བར་འཚམས་འདྲིའི་བཀའ་ཡིག་ཅིག་བསྩལ་བའི་ནང་། ཨ་མི་རི་ཀ་ནི་འཛམ་གླིང་གི་སྣེ་ཁྲིད་མཁན་གྱི་རྒྱལ་ཁབ་དེ་ཡིན་པ་དང་། ངོས་ཀྱིས་དུས་ཡུན་རིང་མོ་ནས་ཨ་མི་རི་ཀ་ནི་མང་གཙོ་དང་རང་དབང་། ཆོས་དད་རང་དབང་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་གནང་མཁན་འགྲན་ཟླ་བྲལ་བ་དེ་ཡིན་པར་ཡི་རང་ཆེན་པོ་གནང་གི་ཡོད་པ་མ་ཟད། སྤྱི་ལོ་༡༩༧༩ལོ་ནས་བཟུང་ངོས་རང་ཨ་མི་རི་ཀར་ཐེངས་མང་ཕྱིན་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམས་ཚུད་པའི་ཨ་རིའི་དཔོན་རིགས་རིམ་པར་དགོངས་འཆར་ཕུལ་རྒྱུའི་གོ་སྐབས་བྱུང་བའི་ཁར། རྒྱ་ཆེ་ས་ནས་ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་སུ་ཡིན་ན། སྟོང་ལ་ཉེ་བའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲོལ་རྒྱུན་བཅས་རྒྱུན་གནས་ཡོང་ཐབས་སུ་རྒྱབ་སྐྱོར་གནང་བར། རྗེས་སུ་ཡི་རང་ཡོད་ཅེས་བཤད་རྒྱུ་བྱུང་བ་བཞིན། ངོས་དང་བོད་མི་མང་གིས་ཨ་མི་རི་ཀས་མུ་མཐུད་བོད་མིའི་ངོ་བོ་དང་ཡང་ན་འགྲོ་བ་མི་ཡོངས་རྫོགས་ལ་ཕན་ཐོགས་ཡོང་ངེས་ཀྱིེ་ནང་ཆོས་དང་འབྲེལ་བའི་བྱམས་བརྩེ་དང་། ཞི་བདེ། འཚེ་བ་མེད་པའི་རིག་གནས་སྲུང་སྐྱོབ་གཅེས་འཛིན་ལ་རྒྱབ་རོགས་གནང་བར། བཀའ་དྲིན་གཏིང་ཟབ་ཚོར་གྱི་ཡོད་ཅེས་བཀའ་བསྩལ་གནང་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
གཞན་ཡང་༧གོང་ས་མཆོག་གིས་ད་ཆ་འཛམ་གླིང་འདིར་དཀའ་ངལ་མང་པོ་འཕྲད་བཞིན་པ་ཡིན་ནའང་། གོ་ལ་འདིར་ཕན་ཚུན་རྟེན་འབྱུང་གི་རྣམ་གཞག་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཇེ་ཆེར་འཕེལ་བཞིན་པ་ཡིན་པས། འཛམ་གླིང་འདིར་རིམ་པས་གནས་སྟངས་ཇེ་བཟང་དུ་ཡོང་རྒྱུར་ངོས་ནས་ཡིད་ཆེས་གནང་གི་ཡོད་ཅེས་ཀྱང་གསུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བར་སྐབས་ཨ་མི་རི་ཀའི་གྲོས་ཚོགས་སུ་ཆབ་སྲིད་ཚོགས་པ་ཕན་ཚུན་དང་། ནང་སྒོས་སུ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིའི་བར་བསམ་ཚུམ་ཐ་དད་དུ་སོང་ནས་གྲོས་ཚོགས་འོག་མའི་ཚོགས་གཙོ་གནས་དབྱུང་བཏང་བ་དང་། གྲོས་ཚོགས་སུ་ཚོགས་གཙོ་གསར་བ་འདེམས་རྒྱུར་རྩོད་གླེང་དང་དུས་ཚོད་འགོར་འགྱང་མང་པོ་བྱུང་བའི་མཐར། ཨ་མི་རི་ཀའི་ལུའུ་ཟི་ཡ་ན་མངའ་སྡེའི་སྐུ་ཚབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་Mike་Johnsonལགས་སུ། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༢༢༠ཡིས་འོས་ཤོག་བླུགས་ཏེ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎