འཛམ་གླིང་ནང་གི་དགེ་རྒན་དམིགས་བསལ་ཅན་དུ་མཚན་འདོན་གནང་བར་དགའ་བསུའི་འཚམས་འདྲི།

2020.12.04
འཛམ་གླིང་ནང་གི་དགེ་རྒན་དམིགས་བསལ་ཅན་དུ་མཚན་འདོན་གནང་བར་དགའ་བསུའི་འཚམས་འདྲི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཁྱད་དུ་འཕགས་པའི་དགེ་རྒན་གྱི་མཚན་གནས་གཟེངས་རྟགས་ཐོབ་པའི་རྒྱ་གར་གྱི་དགེ་རྒན་ཞིག་ལ་དགའ་བསུའི་གསུང་འཕྲིན་བསྩལ་བ།
Photo: RFA

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་Maharashtra མངའ་སྡེའི་གཞི་རིམ་སློབ་གྲྭའི་དགེ་རྒན་ རཱན་ཇིཏ་སིངྒ་ ཌི་ས་ལེ་(Ranjitsinh Disale)ལགས་ལ་༢༠༢༠ལོའི་འཛམ་གླིང་གི་ཁྱད་དུ་འཕགས་པའི་དགེ་རྒན་གྱི་མཚན་གནས་གཟེངས་རྟགས་ཐོག་པར་དགའ་བསུའི་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཅིང་། རཱན་ཇིཏ་སིངྒ་ ཌི་ས་ལེ་ (Ranjitsinh Disale) ལགས་ཀྱིས་ཁོང་ལ་ཐོབ་པའི་དངུལ་གྱི་བྱ་དགའ་ཕྱེད་ཀ་འགྲན་བསྡུར་ཁྲོད་ཀྱི་རྩེ་ཕུད་ཨང་གཉིས་པར་སོན་པའི་དགེ་རྒན་གཉིས་པ་དེར་གནང་རྒྱུ་ཡིན་པ་གསུངས་པའི་སེམས་བཟང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་མཛད་ཡོད་པ་རེད།
ད་དུང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་དགེ་རྒན་ རཱན་ཇིཏ་སིངྒ་ ཌི་ས་ལེ་(Ranjitsinh Disale)གྱིས་ལོ་ཆུང་བྱིས་པ་སྤྱི་དང་ལྷག་དོན་དུ་དབུལ་ཞིང་ཕོངས་པའི་མི་མང་ཉམ་ཐག་དང་དགོས་མཁོ་ཆེ་བའི་མི་མང་རྣམས་ཀྱི་ཕྲུ་གུར་ཤེས་ཡོན་སློབ་འཁྲིད་གནང་བ་དང་ཕྲུ་གུ་སྒེར་ལ་ཕན་རོགས་བྱ་རྒྱུ་ནི་ཕྲུ་གུ་དེ་དག་གི་སོ་སོའི་སྒེར་གྱི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་བརྒྱུད་འཛམ་གླིང་སྤྱིའི་བདེ་དོན་ལ་ལེགས་སྐྱེས་ཕུལ་མཁན་དག་བཟོ་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཡིན་པ་བཀའ་གནང་ཡོད་པ་རེད།
ལྷག་པར་དུ་དགེ་རྒན་ རཱན་ཇིཏ་སིངྒ་ ཌི་ས་ལེ་(Ranjitsinh Disale) གྱིས་འཛམ་གླིང་གི་ཡུལ་གྲུ་ ༨༣ ནང་ཆེས་ཉམས་ཐག་གི་བོུ་ལོ་ཆུང་ཁག་ལ་ཤེས་ཡོན་ཐོབ་ཐབས་དང་། ཁོང་ཚོར་སོ་སོའི་རྒྱལ་ཁབ་ཀྱི་སྐད་ཡིག་ཐོག་བསླབ་གཞི་གྲ་སྒྲིག་བྱ་རྒྱུ། དེ་བཞིན་འཁྲུག་རྩོད་ཡོད་པའི་ཡུལ་ལུང་ནང་གི་གཞོན་སྐྱེས་མི་སྣ་ཕན་ཚུན་འབྲེལ་མཐུད་བཟོ་ཐབས་བྱེད་བཞིན་པ་འདི་དག་ནི་བྱམས་བརྩེའི་དཔེ་མཚོན་དངོས་ཡིན་པ་བཀའ་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་དེའི་མཐའ་སྡོམས་སུ། ཁྱེད་ཀྱི་ང་ཚོ་མཉམ་རུབ་ཀྱི་ཐོག་ནས་འཛམ་གླིང་འདི་བཟང་པོ་ཞིག་བཟོ་ཐུབ་རྒྱུ་ཡིན་པ་བརྗོད་པ་ནི་མཐའ་ཅིག་ཏུ་བདེན་ཞིང་།
གཞོན་སྐྱེས་སྤུན་གྲོགས་ཕོ་མོ་མང་པོས་ཁྱེད་ཀྱི་རྗེས་སུ་འཇུག་རྒྱུར་སེམས་སྐུལ་ཐེབས་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎