༸གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་མང་ཚོགས་ལ་སྐྱེས་རབས་ཀྱི་གསུང་ཆོས་སྩལ་གནང་མཛད་རྒྱུ།

2022.03.16
༸གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་མང་ཚོགས་ལ་སྐྱེས་རབས་ཀྱི་གསུང་ཆོས་སྩལ་གནང་མཛད་རྒྱུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
OHHDL

འདི་ཚེས་ ༡༦ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཆོས་བརྡ་གསལ་བསྒྲགས་གནང་བའི་ནང་། རབ་གནས་ཆུ་སྟག་བོད་ཟླ་ ༡ པོའི་ཚེས་ ༡༥ དང་། ཕྱི་ཟླ་ ༣ པའི་ཚེས་ ༡༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཕྱག་ཚོད་ ༨ ཡས་མས་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་རབས་ཀྱི་གསུང་ཆོས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

དེ་སྔོན་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་དད་ལྡན་མང་ཚོགས་ལ་གསུང་ཆོས་སྩལ་བ་མཐའ་མ་དེ་ནི་ཕྱི་ལོ་ ༢༠༢༠ ཟླ་བ་ ༡ པོའི་ཚེས་ ༢ ནས་ ༦ བར་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་གནང་མཛད་འདུག ད་ལན་ལོ་གཉིས་རྗེས་༸གོང་ས་མཆོག་གིས་མང་ཚོགས་ལ་གསུང་ཆོས་སྩལ་རྒྱུ་ཡིིན་པ་ཤེས་རྟོགས་བྱུང་འཕྲལ་བཞུགས་སྒར་དྷ་སར་བཞུགས་པའི་བོད་མི་འགའ་ཞིག་ལ་དགའ་ཚོར་ཆེན་པོ་བྱུང་འདུག།

དེ་ཡང་བྱམས་པ་བཟང་པོ་ལགས་ཁོང་རང་ཉིད་བོད་ནས་ཡོང་དགོས་པའི་རྒྱུ་མཚན་ནི་༸གོང་ས་མཆོག་གི་ཞལ་མཇལ་ཞུ་རྒྱུ་དེ་ཡིན་པས་ད་རེས་མགོན་པོ་གང་ཉིད་ཀྱི་གསུང་ཆོས་ཡོད་པ་ཤེས་ནས་ཧ་ཅང་དགའ་ཚོར་ཆེན་པོ་འདུག་ཟེར། གཞན་ཡང་བསོད་ནམས་འཛོམས་པ་ལགས་ཀྱིས་ཏོག་དབྱིབས་ནད་དུག་རིམ་པས་མེད་པ་ཆགས་དུས་༸གོང་ས་མཆོག་གི་གསུང་ཆོས་ཞུ་རྒྱུ་དེ་ནི་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གོང་ཞུས་ཆོས་བརྡའི་ནང་ཆོས་ཞུ་བ་ཚོས་གསུང་ཆོས་སྐབས་ངེས་པར་དུ་ཁ་རས་གྱོན་དགོས་པ་ནན་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎