བྱང་སེམས་སྒོམ་དགོས།


2013.08.27
༧གོང་ས་མཆོག་ནས་བཞུགས་སྒར་དུ་ཆོས་འབྲེལ་གནང་བཞིན་པ།
༧གོང་ས་མཆོག་གི་དྲ་གནས།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༥ ནས་༢༧བར་བསྩལ་བའི་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་དེ་དེ་རིང་མཇུག་བསྒྲིལ་གནང་ཡོད་པ་རེད།    དེ་རིང་ཆོས་འབྲེལ་ཉིན་ཐ་མའི་ཐོག་༧གོང་ས་མཆོག་ནས་ལམ་སྟོན་བཀའ་སློབ་གནང་སྐབས།    བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱ་རྒྱུ་དེ་རྒྱལ་བ་དགྱེས་པའི་མཆོད་པ་ཡག་ཤོས་དེ་ཡིན་པས་མ་ཚད།    སྐྱིད་པའི་སྐྱིད་འགོ་བཙུགས་པ་དང་།    བརྟན་དུ་བདེ་བའི་འགོ་བཙུགས་པ་ཞིག་ཡིན་སྐོར་བཀའ་གནང་འདུག    མདོར་ན་གཞན་ཕན་བྱུང་ཆུབ་ཀྱི་སེམས་ཞེས་པ་དེ་བསམ་རྒྱུ་གཞན་དོན་དུ་བསམ་པ་ཞིག་ཡིན་ཡང་།    ཞར་ལ་རང་དོན་གྲུབ་ཀྱི་ཡོད་པར་བརྟེན།    བྱང་ཆུབ་ཀྱིས་སེམས་སྒོམ་དགོས་པའི་ལམ་སྟོན་ནན་པོ་གནང་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར།    འདས་པའི་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་སྔགས་རིམ་ཆེན་མོའི་ཆོས་འབྲེལ་གནང་བ་ཞིག་ཡིན་པ་དང།    ཐེངས་འདིའི་གསུང་ཆོས་སྐབས་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་གྲངས་ ༣༠༠ གཙོ་བོར་གྱུར་པའི་ཕྱི་རྒྱལ་ལུང་པ་ ༦༡ ནས་མི་གྲངས་ ༨༠༠ བརྒལ་བ་དང། དེ་བཞིན་རང་རིགས་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བ་ཆོས་ཞུར་བཅར་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎