བལ་ཡུལ་ནང་རྒྱ་གར་གྱི་གློག་བརྙན་སྟོན་མི་ཆོག

བལ་ཡུལ་གྱི་མའོ་ཤོག་ཁག་གིས་ཡུལ་དེའི་གློག་བརྙན་ཁང་ཁག་གི་ནང་རྒྱ་གར་གྱི་གློག་བརྙན་སྟོན་མི་ཆོག་པའི་བཙན་བཀའ་བཏང་ནས་གློག་བརྙན་ཁང་མང་ཆེ་བ་སྒོ་རྒྱབ་ཡོད་འདུག

2012.10.02

དེ་ཡང་བལ་ཡུལ་གྱི་དམར་ཤོག་མའོ་ཚོགས་པས། ཕྱི་ཟླ་དགུ་པའི་ཟླ་མཇུག་ཏུ་རྒྱ་གར་གློག་བརྙན་ནང༌། བལ་ཡུལ་གཞུང་དང་བལ་པོའི་མི་དམངས་ལ་འཁོན་སེམས་སློང་རྒྱུའི་ཀུན་སློང་ཁྱབ་སྤེལ་བྱེད་ཀྱི་ཡོད་པའི་སྐོར་བཤད་དེ། བལ་པོའི་གློག་བརྙན་ཁང་དུ་རྒྱ་གར་གྱི་གློག་བརྙན་སྟོན་མི་ཆོག་པ་བཙན་བཀའ་བཏང་ཡོད་པ་དང་། རྒྱ་གར་ནང་དུ་དེབ་སྐྱེལ་བྱས་པའི་མོ་ཊ་ཡང་བལ་ཡུལ་ནང་དུ་གཏོང་མི་ཆོགས་པའི་བཀག་འགོག་བྱས་ཡོད་པ་རེད།

དེར་བརྟེན་བལ་ཡུལ་རྒྱལ་སའི་ནང་གི་གློག་བརྙན་ཁང་བཅུ་གྲངས་ཤིག་ཡོད་པ་ཚོས་གློག་བརྙན་ཁང་སྒོ་རྒྱབ་པའམ་ཡང་ན་བལ་པོའི་གློག་བརྙན་སྟོན་ན་དགའ་མིན་གྱི་ཐག་གཅོད་མ་ཐུབ་པར་གནས་ཡོད་པའི་སྐོར་བལ་པོའི་ཉེན་རྟོག་པའི་མགྲིན་ཚབ་པས་གསུང་ཡོད་ཅིང༌། ད་ལྟའི་ཆར་རྒྱལ་སའི་གློག་བརྙན་ཁང་གསུམ་གྱིས་རྒྱ་གར་གྱི་གློག་བརྙན་སྟོན་རྒྱུ་མཚམས་འཇོག་བྱས་པ་དང་། གློག་བརྙན་ཁང་གཉིས་ཀྱིས་བལ་པོའི་གློག་བརྙན་སྟོན་རྒྱུ་འགོ་བཙུགས་པའི་སྐོར་གསུང་ཡོད་པ་རེད། འོན་ཀྱང་གློག་བརྙན་ཁང་ཞིག་གིས། ཁོང་ཚོར་ག་རེ་བྱེད་དགོས་མིན་གྱི་འདེམས་ཀ་མེད་པ་དང༌། གློག་བརྙན་ཁང་དུ་བལ་པོའི་གློག་བརྙན་ཉིན་ལྟར་སྟོན་རྒྱུ་གསར་བ་མེད་པ་དང་། བལྟ་མཁན་ཉུང་བས་ཉིན་རེར་གློག་བརྙན་གྱི་ཡོང་འབབ་བལ་པོའི་སྒོར་མོ་འབུམ་གསུམ་གྱོང་གུན་ཐེབས་ཀྱི་ཡོད་པ་ངོ་སྤྲོད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎