༸གོང་ས་མཆོག་ནས་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྐྱང་གནང་རྒྱུ།


2017.11.01
༸གོང་ས་མཆོག་ནས་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྐྱང་གནང་རྒྱུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྐྱང་གནང་གི་ཡོད་པ་རེད།
དགའ་ལྡན་ཕོ་བྲང༌།

སྤྱི་ཟླ་བཅིུག་པའི་ཚེས་༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ཕྱི་ཟླ་༡༡པའི་ཚེས་༣ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ནས་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་གནང་རྒྱུ་ཡིན་པ་དང་།ཐེངས་འདིའི་གསུང་ཆོས་གསོལ་འདེབས་ཞུ་མཁན་ནི་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ཡིན་ཞིང་།གསུང་ཆོས་རྣམས་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་dalailama.com ཞེས་པའི་བརྒྱུད་ཐད་གཏོང་ཞུ་རྒྱུ་མ་ཟད།  རྒྱ་སྐད་དང་དབྱིན་སྐད། འཇར་མན། ཧིན་དི། ཨི་ཊ་ལི། ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ་བཅས་ཀྱི་སྐད་རིགས་ནང་ཐད་བསྒྱུར་ཞུ་རྒྱུ་ཡིན་པ་རེད།
དེ་མིན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༡༡ཚེས་ ༤ ཉིན་གྱི་སྔ་དྲོར་བཞུགས་སྒར་ངྷ་ར་མ་ས་ལའི་ཉེ་འགྲམ་གྱི་དརྨ་ཤཱ་ལའི་གཞུང་གི་མཐོ་སློབ་ཏུ་ཚོགས་རྒྱུའི་ཚན་རིག་དང་ཆོས། འཛམ་གླིང་ཞི་བདེའི་སྐོར་གྱི་རྒྱ་གར་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མགོན་དུ་་ཆིབས་སྒྱུར་བཀའ་དྲིན་བསྐྱང་གནང་རྒྱུ་ཡིན་པ་རེད་།
ཐེངས་འདིའི་ལྷན་ཚོགས་གོ་སྒྲིག་ཞུ་མཁན་ཧར་ཡ་ན་མངའ་སྡེའི་ཀར་ནཱལ་རྫོང་ནང་ཡོད་པའི་རྒྱ་གར་གནའ་རབས་ཧིན་རྡུའི་ཆོས་ལུགས་ཀྱི་རིག་འབྱེད་མཐའ་པའི་ལྟ་གྲུབ་རྗེས་འཛིན་པ་རྦ་ཏིས་ཝེ་རྡན་ཌ( Bhakti Vedanta) ཞེས་པའི་བསྟི་གནས་ཁང་ཡིན་ཞིང་། བསྟི་གནས་ཁང་དེ་ཡིས་དེ་སྔོན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷན་ཚོགས་ཐོག་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་།བཀའ་བཞེས་བཟང་པོ་ཐོབ་ནས་མཛད་སྒོར་དབུ་བཞུགས་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པའི་གནས་ཚུལ་བཀོད་ཡོད་པ་རེད༎
གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎