༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར།

2021.10.23
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར། ༧གོང་ས་མཆོག་ནས་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བར་བཀའ་ཆོས་སྩོལ་བཞིན་པ། ༢༠༢༡།༩།༩།
དགའ་ལྡན་ཕོ་བྲང་ཡིག་ཚང་།

༄༅།།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་་ཕྱི་ཟླ་༡༠ཚེས་༢༦ཉིན་རྦོལ་ཌར་ས་གནས་ཀྱི་ཀོ་ལོ་ར་ཌོ་གཙུག་ལག་སློབ་ཆེན་གྱི་རི་ནི་ཁི་རའོན་བདེ་གནས་སློབ་གྲྭ་ The Renee Crown Wellness Institute at the University of Colorado Boulder དང་། སེན་ཌི་འེ་གོའི་ཁ་ལི་ཕོ་ཉའི་གཙུག་ལག་སློབ་ཆེན་གྱི་བྱམས་བརྩེའི་སློབ་ཁང་ The Compassion Institute at the University of California San Diego)གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་རྒྱ་བརྒྱུད་བྱམས་བརྩེའི་སྐོར་ལ་བཀའ་སློབ་བསྩལ་རྒྱུ་དང་།
དེ་བཞིན་ཕྱི་ཟླ་༡༡ཚེས་༤དང་༥ཉིན་གྲངས་གཉིས་རིང་ཨུ་རུ་སུའི་ནང་པའི་དད་ལྔན་པ་ཚོས་གསོལ་འདེབས་ཞུས་དོན་ལྟར། མདོ་སྡེ་རྒྱན་གྱི་གསུང་ཆོས་གནང་རྒྱུ་དང་།  དེ་ནས་སླར་ཡང་ཕྱི་ཟླ་༡༡ཚེས་༡༠ཉིན་ཉི་ཧོང་གི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་དང་། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཟུང་སྦྲེལ་གྱི་སྙན་སེང་ཞུས་དོན་ལྟར་སེམས་བཟང་གི་བློ་སྦྱོང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བཅར་འདྲི་དང་ལན་གནང་རྒྱུ། ཕྱི་ཟླ་༡༡་པའི་ཚེས་༢༤ཉིན་བཧ་ར་ཛིལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ Palas Athena ཞེས་པས་གོ་སྒྲིག་འོག་སྟོང་ལོ་གསར་པར་སེམས་ཀྱི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་བཅས་ཀྱི་མཛད་འཆར་བསྐྱང་གནང་འཆར་འདུག
གོང་དུ་ཕྱི་ཟླ་༡༠དང་༡༡གཉིས་ནང་བསྩལ་གནང་རྒྱུའི་ཆོས་འབྲེལ་དང་གསུང་བཤད་རྣམས་སྔ་དྲོའི་ཆུ་ཚོད་༩ནས་༡༠བར་སྩལ་གནང་གི་ཡོད་པ་དང་། སྔར་རྒྱུན་བཞིན་གསན་གཟིགས་གནང་མཁན་ཚོས་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་ཆེད་སྲུང་བརྩི་ཞུ་དགོས་པའི་རིགས་དམ་དོན་གནང་དགོས་པའི་འབོད་སྐུལ་གནང་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎