བོད་ཀྱི་རིག་གཞུང་ནི་ཧ་ཅང་གི་ངོ་མཚར་སྐྱེས་འོས་པའི་རིག་གཞུང་ཞིག་ཡིན།


2019.07.27
བོད་ཀྱི་རིག་གཞུང་ནི་ཧ་ཅང་གི་ངོ་མཚར་སྐྱེས་འོས་པའི་རིག་གཞུང་ཞིག་ཡིན། བོད་ཀྱི་རིག་གཞུང་ནི་ཧ་ཅང་གི་ངོ་མཚར་སྐྱེས་འོས་པའི་རིག་གཞུང་ཞིག་ཡིན་པར་བརྟེན་ དེར་དོ་སྣང་དང་སློབ་གཉེར་བྱེད་རྒྱུ་གལ་ཆེ་ཡིན་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་བོད་རིགས་སློབ་ཕྲུག་ཁག་ཅིག་ལ་མཇལ་མོལ་སྐབས་བཀའ་གནང་འདུག
རྫོགས་ཆེན།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་༧ཚེས་༢༧ ཉིན་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་བོད་རིགས་སློབ་ཕྲུག་༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་གནང་བའི་སྐབས། མགོན་པོ་གང་ཉིད་མཆོག་ནས་དང་ཐོག་སློབ་ཕྲུག་རྣམས་ལ་བོད་ཀྱི་ཆོས་དང་སྐད་ཡིག་སོགས་བོད་ལ་ཇི་ལྟར་དར་འགོ་བཙུགས་ཡོད་པའི་སྐོར་དང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་གལ་གནད་སོགས་ཀྱི་སྐོར་ལ་བཀའ་སློབ་ཕེབས་ཡོད་པ་དང་འབྲེལ། ནང་པའི་གཞུང་ལུགས་ཀྱི་ཚན་རིག་དང་ལྟ་གྲུབ་བཅས་ནི་ཤེས་ཡོན་ཐོག་ནས་འགྲོ་བཞིན་ཡོད་པ་ལས་ཆོས་ལུགས་ཀྱི་སྡེ་ཚན་ཐོག་ནས་འགྲོའི་མེད་པའི་སྐོར་མགོན་པོ་གང་ཉིད་མཆོག་ནས་བཀའ་སློབ་ཕེབས་འདུག

ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚན་རིག་པ་ཚོར་ནང་པའི་གཞུང་ལུགས་ཀྱི་སེམས་ཁམས་རིག་པའི་སྐོར་འགྲེལ་བཤད་རྒྱག་པའི་སྐབས་དེར་དོ་སྣང་དང་སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཀའ་ཕེབས་འདུག

ད་རེས་སློབ་ཕྲུག་དེ་རྣམས་ནི་དབྱར་ཁའི་གུང་སེང་དང་བསྟུན་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་སོགས་ལ་སློབ་གཉེར་ཆེད་བཞུགས་སྒར་དུ་ཆེད་ཕེབས་གནང་ཡོད་ཅིང་། ཨ་མེ་རི་ཀ་ནས་ཡིན་པའི་སློབ་མ་བསྟན་འཛིན་བརྩོན་འགྲུས་ལགས་ནས་༸གོང་ས་མཆོག་ནས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་རྒྱུའི་གལ་གནས་སྐོར་བཀའ་ཕེབས་པ་བཞིན་ངོས་ཀྱིས་ཀྱང་རྒྱུན་དུ་ནང་པའི་ལྟ་གྲུབ་ལ་སློབ་གཉེར་བྱེད་ཀྱི་ཡོད་ཅེས་བརྗོད་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་བཅར་མཁན་སློབ་ཕྲུག་རུ་ཁག་གཉིས་ཡོད་པ་ལས་སློབ་ཕྲུག་༣༢ རྡ་སའི་ཉེ་འདེབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཡིག་དང་ནང་ཆོས་སོགས་ཟླ་བ་གཅིག་དང་ཕྱེད་ཀའི་རིང་སློབ་གཉེར་གནང་བཞིན་ཡོད་པ་དང་། སློབ་ཕྲུག་གཞན་རྣམས་ནི་རྡ་སྟེང་བོད་ཁྱིམ་རུ་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་གནང་བཞིན་ཡོད་འདུག་ཅིང་། ཁེ་ན་ཌ་ནས་ཕེབས་པའི་སློབ་མ་བསྟན་འཛིན་གཡུ་སྒྲོན་ལགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ནི་བོད་མིའི་ངོ་བོ་ཡིན་པར་བརྟེན་དེ་རྣམས་ལ་སློབ་གཉེར་དང་རྒྱུས་ལོན་ཆེད་བཞུགས་སྒར་རྡ་རམ་ས་ལར་ཡོང་བ་ཡིན་ཞེས་བརྗོད་སོང་།

ཡང་སྐབས་དེར་ཧོ་ལེནཌ་ནས་ཕེབས་པའི་སློབ་མ་བསྟན་འཛིན་ཀུན་གསལ་ལགས་ནས་བཞུགས་སྒར་དུ་སྡོད་པའི་རིང་ཁོང་མོས་བོད་ཡིག་ཡར་རྒྱས་ཕྱིན་སོང་ལ་བོད་དོན་ཐད་སྔར་ལས་ལྷག་པའི་སེམས་ཤུགས་ཕར་མ་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག

དབྱར་ཁའི་འདུ་ཚོགས་སམ་Summer Camp གྱི་དམིགས་ཡུལ་ནི་ནུབ་ཕྱོགས་སུ་གནས་བཞུགས་བོད་ཕྲུག་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་དོ་སྣང་དང་གོ་རྟོགས་ཐུབ་པའི་རྨང་གཞི་སྐྱུན་ཐུབ་པ་བྱེད་རྒྱུ་དང་། དེ་བཞིན་དབྱར་དུས་ཀྱིས་འདུ་ཚོགས་འཛིན་གྲྭའི་ནང་བོད་བརྒྱུད་ནང་ཆོས་ངོ་སྤྲོད་དང་བོད་ཡིག་འབྲི་ཀློག་ནང་ཁུལ་གླེང་མོལ་བྱེད་རྒྱུ་སོགས་ཡིན་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎