ཆོས་ལུགས་རིས་མེད་ཀྱི་ཞི་བདེའི་སྨོན་ལམ་གསུང་འདོན།


2016.10.16
ཆོས་ལུགས་རིས་མེད་ཀྱི་ཞི་བདེ་སྨོན་ལམ་གསུང་འདོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་ལུགས་རིས་མེད་ཀྱི་ཞི་བདེ་སྨོན་ལམ་གསུང་འདོན་གྱི་འདུ་ཚོགས་ཤིག་ལ་ཆིབས་བསྒྱུར་བསྐྱངས་ཡོད་པ།
དགའ་ལྡན་ཕོ་བྲང༌།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་ཐོག་སུད་སི་གྲོང་ཁྱེར་  Zurich  གྱི་  Grossmunster  ཞེས་པའི་ཡི་ཤུའི་ལྷ་ཁང་དེར་ཆོས་ལུགས་རིས་མེད་ཀྱི་ཞི་བདེའི་སྨོན་ལམ་གསུང་འདོན་གྱི་འདུ་ཚོགས་ཤིག་ལ་ཆིབས་བསྒྱུར་དང་བཀའ་སློབ་བཀྲིན་བསྐྱངས་ཡོད་འདུག འཛམ་གླིང་ཞི་བདེའི་ཆེད་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་གསུང་འདོན་དེར་ཡི་ཤུའི་ཆོས་ལུགས་དང་ཧིན་དུ། ཁ་ཆེ། ཇིའུ་ཆོས་ལུགས་ཀྱི་སྐུ་ཚབ་རྣམས་ཆེད་ཕེབས་ཀྱིས་ཐོག་མར་ཆོས་ལུགས་སོ་སོའི་སྨོན་ལམ་གསུང་འདོན་དུ་ནང་པའི་ངོས་ནས་སུད་སི་རེ་ཀོན་དགོན་པའི་དགེ་འདུན་པ་ལྷན་༸གོང་ས་མཆོག་གིས་བོད་ལུགས་ནང་ཆོས་ཀྱི་སྨོན་ལམ་གསུང་འདོན་གནང་རྗེས་ཆོས་ལུགས་གཞན་ཁག་གིས་རིམ་བཞིན་རང་རང་སོ་སོའི་སྨོན་ལམ་གསུང་འདོན་གནང་ཡོད་འདུག སྐབས་དེར་གོང་ཞུས་ཡི་ཤུའི་ཆོས་ཁང་དེར་མི་མང་ཆིག་སྟོང་ཙམ་མཉམ་ཞུགས་གནང་ཡོད་པ་མ་ཟད་ཆོས་ཁང་གི་ཕྱི་རོལ་དུ་གཟུགས་མཐོང་རླུང་འཕྲིན་བརྒྱུད་གཟིགས་པར་ཕེབས་མཁན་མི་གྲངས་ ༧༠༠ སྐོར་ཞིག་བྱུང་ཡོད་འདུག འཛམ་གླིང་ཞི་བདེའི་ཆེད་སྨོན་ལམ་གསུང་འདོན་གྱི་འདུ་ཚོགས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་ཐུགས་ཀྱི་དམ་བཅའ་གསུམ་སྐོར་བཀའ་གནང་བ་དང་འཛམ་གླིང་གི་ཆོས་ལུགས་ཁག་མཐུན་འབྲེལ་ཡོང་རྒྱུར་དང་ཐོག་ཆོས་ལུགས་ཀྱི་རྗེས་འབྲང་པ་རྣམས་ཕན་ཚུན་ངོ་ཤེས་བརྒྱུད་ལོན་བྱེད་རྒྱུ་དེ་གལ་གནད་ཆོན་པོ་ཡིན་སྐོར་དང་ཆོས་ལུགས་རིས་མེད་ཀྱི་འདུ་ཚོགས་འདི་ལྟར་འཛམ་གླིང་གི་ས་ཕྱོགས་གང་སར་མང་ཙམ་གནང་དགོས་སྐོར་དང་གཞན་ཡང་ཆོས་ལུགས་ཁག་གི་གནས་ཆེན་ཁག་ལ་ཕན་ཚུན་བསྐོར་སྐྱོད་བྱེད་རྒྱུ་དེ་གལ་གནད་ཆེན་པོ་ཡིན་སྐོར་བཀའ་གནང་ཡོད་འདུག དེ་བཞིན་༸གོང་ས་མཆོག་གིས་འཛམ་བུ་གླིང་འདིའི་ནང་གི་དཀའ་རྙོག་ཁག་མིས་བཟོས་པར་བརྟེན་མིས་སེལ་དགོས་པ་ལས་དཀོན་མཆོག་དང་སྟོན་པ་སངས་རྒྱས་ཐུབ་པ་ལ་སྨོན་ལམ་བལྟབ་པས་འགྲིག་གི་མེད་སྐོར་སོགས་བཀའ་གནང་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎